1941

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚུལ་ཁྲིམས་དག་པར་ལེན་པའི་བསམ་པ་ལས་རྣམ་པར་གཞག་པའི་གང་ཟག་གསུམ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏོན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།

1.འཚོ་བའི་བསམ་པས་ཡང་དག་པར་ལེན་པར་བྱེད་པ། དེ་ལ་དེ་ནི་སྐྱེས་བུ་ཐ་མ་ཡིན་ནོ། ། 2.མཐོ་རིས་ཀྱི་བསམ་པས་ཡང་དག་པར་ལེན་པར་བྱེད་པ། དེ་ལ་དེ་ནི་སྐྱེས་བུ་འབྲིང་ཡིན་ནོ། ། 3.མྱ་ངན་ལས་འདས་པའི་བསམ་པས་ཡང་དག་པར་ལེན་པར་བྱེད་པ། དེ་ལ་དེ་ནི་སྐྱེས་བུ་མཆོག་ཡིན་ནོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཞི་པ་》ཤ་164ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number