1955

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚེ་འདི་ཉིད་ལ་མྱོང་བར་འགྱུར་བའི་ལས་གསུམ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།

1.ཞིང་རྒྱ་ཆེ་བ་ལ་རྣམ་པ་ལྔ་སྟེ། (1)སེམས་ཅན་རྣམས་ལ་མཆོག་ཏུ་ཕན་པའི་ལྷག་པའི་བསམ་པ་ལ་གནས་པ་ལས་ལངས་པ་ནི་འདི་ལྟ་སྟེ། བྱམས་པ་ལ་སྙོམ་པར་འཇུག་པ་ལས་ལངས་པའོ། ། (2)སེམས་ཅན་རྣམས་མཆོག་ཏུ་སེམས་རྗེས་སུ་སྲུང་བ་ལ་གནས་པ་ལས་ལངས་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་ལངས་པའོ། ། (3)མཆོག་ཏུ་རབ་ཏུ་ཞི་ཞིང་མྱ་ངན་ལས་འདས་པ་དང་འདྲ་བའི་འཕགས་པའི་གནས་པ་ལས་ལངས་པ་ནི་འདི་ལྟ་སྟེ། འགོག་པའི་སྙོམ་པར་འཇུག་པ་ལས་ལངས་པའོ། ། (4)མི་དགེ་བ་ཐམས་ཅད་མི་བྱེད་པའི་སྡོམ་པ་ཐོབ་པ་ནི་འདི་ལྟ་སྟེ། རྒྱུན་དུ་ཞུགས་པའི་སེམས་ཀྱི་རྒྱུད་ཤིན་ཏུ་རྣམ་པར་དག་པའོ། ། (5)ཤིན་ཏུ་མཐར་ཐུག་པ་ནི་འདི་ལྟ་སྟེ། དགྲ་བཅོམ་པ་དང་། རང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཏེ། དེ་ལྟར་ན་དེ་ནི་ཞིང་རྒྱ་ཆེ་བའོ། ། 2.སེམས་པ་རྒྱ་ཆེ་བ་ནི། དེ་དག་ལ་གལ་ཏེ་སྙིང་ཐག་པ་ནས་དད་པའི་སེམས་ཀྱིས་བསྙེན་བཀུར་བྱས་ཏེ། དངོས་པོ་གང་ཡང་རུང་བ་དག་དབུལ་བར་བྱེད་ན། དེ་ནི་སེམས་པ་རྒྱ་ཆེ་བ་ཉིད་ཡིན་པར་བལྟ་བར་བྱའོ། ། 3.སེམས་ཀྱི་རྒྱུད་རྣམ་པར་དག་པ་ནི། གལ་ཏེ་དེས་སྔོན་གྱི་ཚེ་རབས་གཞན་དག་ཏུ་གཞི་དེ་དག་ཉིད་ལ་གཞན་དག་གིས་ཆོས་གོས་ལ་སོགས་པ་དབུལ་བར་བརྩམས་པ་ལ། ལུས་དང་ངག་དང་ཡིད་ཀྱི་བར་ཆད་མ་བྱས་ཤིང་བགེགས་མ་བྱས་ལ་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་བསམས་ཤིང་བསྒྲུབས་པའི་སྒྲིབ་པ་དེས་སེམས་ཀྱི་རྒྱུད་མ་བསྒྲིབས་ན། དེའི་སེམས་ཀྱི་རྒྱུད་རྣམ་པར་དག་པ་ཡིན་པར་བལྟ་བར་བྱའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཞི་པ་》ཤ་145ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number