1963
Jump to navigation
Jump to search
Tibetan | ཚོགས་རྣམ་པ་གསུམ། |
---|---|
Tibetan Alternate | |
Tibetan Definition | འདི་ལ་ཁག་བཞི་ཡོད་པ་སྟེ།
འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བ་ཁག་གཅིག་སྟེ། 1.ཡང་དག་པ་ཉིད་དུ་ངེས་པའི་ཚོགས་ནི། འཕགས་པ་རྣམས་ཏེ། གང་འདོད་ཆགས་མ་ལུས་པར་སྤངས་པ་དང་། ཞེ་སྡང་མ་ལུས་པར་སྤངས་པ་དང་། གཏི་མུག་མ་ལུས་པར་སྤངས་པ་སྟེ། དེ་དག་ནི་ཉོན་མོངས་པ་ཟད་པར་ངེས་པ་ན། ཡང་དག་པར་ངེས་པ་ཞེས་བྱའོ། ། 2.ལོག་པ་ཉིད་དུ་ངེས་པའི་ཚོགས་ནི། མཚམས་མེད་པ་བྱེད་པའི་གང་ཟག་རྣམས་ཏེ། དེ་དག་ནི་ངན་སོང་གསུམ་དུ་སྐྱེ་བར་ངེས་པའི་ཕྱིར། ལོག་པ་ཉིད་དུ་ངེས་པ་ཞེས་བྱའོ། ། 3.མ་ངེས་པའི་ཚོགས་ནི། ངེས་པ་ལས་གཞན་པ་རྣམས་ནི་མ་ངེས་པ་ཞེས་བྱ་སྟེ། རྐྱེན་ལ་ལྟོས་ནས་གལ་ཏེ་ཉོན་མོངས་པ་སྤོང་བར་བྱེད་ལ། གལ་ཏེ་ན་མཚམས་མེད་པའི་ལས་ཀྱང་བྱེད་པའི་ཕྱིར་རོ། ། |
Tibetan Source | 《བསྟན་འགྱུར་མདོ་སྡེ་ཅི་པ་》ཤ་111ན་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |