1964
Jump to navigation
Jump to search
Tibetan | ཚོགས་རྣམ་པ་གསུམ། |
---|---|
Tibetan Alternate | |
Tibetan Definition | འཕགས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་འཛིན་གྱི་མདོ་ལས་བྱུང་བ་ཁག་གཅིག་སྟེ།
1.སྦྱིན་པའི་ཚོགས་ནི་བྱ་བ་གཉིས་བྱེད་དེ། གཉིས་གང་ཞེ་ན། དབུལ་བ་སེལ་བ་དང་། ལོངས་སྤྱོད་ཆེན་པོ་སྒྲུབ་པ་ཡིན་ཏེ། དེ་ཡང་། སྦྱིན་པའི་ཚོགས་ནི། ཟག་པ་དང་བཅས་པ་དང་། ལེན་པ་དང་བཅས་པ་དང་། ཕུང་པོར་རྣམ་པར་སྨིན་པའོ། ། 2.ཚུལ་ཁྲིམས་ཀྱི་ཚོགས་ཀྱང་བྱ་བ་གཉིས་བྱེད་དེ། གཉིས་གང་ཞེ་ན། ངན་འགྲོ་སེལ་བ་དང་། བདེ་འགྲོ་སྒྲུབ་པ་གཉིས་ཡིན་ཏེ། དེ་ཡང་། ཚུལ་ཁྲིམས་ཀྱི་ཚོགས་ནི། ཟག་པ་དང་བཅས་པ་དང་། ལེན་པ་དང་བཅས་པ་དང་། ཕུང་པོར་རྣམ་པར་སྨིན་པའོ། ། 3.ཤེས་རབ་ཀྱི་ཚོགས་ཀྱང་བྱ་བ་གཉིས་བྱེད་དེ། གཉིས་གང་ཞེ་ན། ལྟ་བར་གྱུར་པ་ཐམས་ཅད་སེལ་བ་དང་། ཤེས་རབ་སྒྲུབ་པ་གཉིས་ཡིན་ཏེ། དེ་ཡང་། ཤེས་རབ་བམ། ཐོས་པའི་ཚོགས་ནི་ཟག་པ་མེད་པ་དང་། ལེན་པ་མེད་པ་། ཕུང་པོར་རྣམ་པར་སྨིན་པ་མ་ཡིན་པའོ། ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་ཐོས་པའི་ཚོགས་ལ་བརྩོན་པར་བྱའོ། ། |
Tibetan Source | 《མདོ་ཐ་པ་》ཤ་149ན་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |