1967
Tibetan | ཚོགས་སྦྱོར་གཉིས་ཀྱི་ངོ་བོ་སོ་སྐྱེའི་ཆོས་གསུམ། |
---|---|
Tibetan Alternate | |
Tibetan Definition | 1.སོ་སྐྱེའི་ཆོས་དང་པོ་སྙིང་རྗེ་ལ་དབྱེ་ན་གསུམ་སྟེ།
(1)མི་རྟག་པ་དང་བདག་མེད་རྟོགས་པའི་ཤེས་རབ་གང་གིས་ཀྱང་མ་ཟིན་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ། (2)མི་རྟག་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྙིང་རྗེ་ཆོས་ལ་དམིགས་པའི་སྙིང་རྗེ། (3)མི་རྟག་པ་དང་། སྟོང་ཉིད་རྟོགས་པའི་བློ་གཉིས་ཀས་ཟིན་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་དམིགས་མེད་ལ་དམིགས་པའི་སྙིང་རྗེའོ། ། 2.སོ་སོ་སྐྱེ་བོའི་ཆོས་གཉིས་པ་གཉིས་སུ་མེད་པའི་བློ་ལ་དབྱེ་ན་གཉིས་ཏེ། (1)གང་ཟག་གི་བདག་མེད། (2)ཆོས་ཀྱི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློའོ། ། 3.སོ་སྐྱེའི་ཆོས་གསུམ་པ་བྱང་ཆུབ་ཀྱི་སེམས་ལ་དབྱེ་ན་གསུམ་ཏེ། (1)ཐེག་ཆེན་ལམ་དུ་མ་ཞུགས་གོང་དུ་རྩོལ་བཅས་ཀྱི་མྱོང་བའམ། ཡིད་འགྱུར་གྱི་མྱོང་བའམ། མྱོང་བ་སྣ་ཟིན་གྱི་སེམས་བསྐྱེད་བུ་རམ་གྱི་ཤུན་པའི་རོ་ལྟ་བུ། (2)ཐེག་ཆེན་ལམ་དུ་ཞུགས་ནས་རྩོལ་མེད་ཀྱི་མྱོང་བ་ཐོན་པའི་སེམས་བསྐྱེད་བུ་རམ་གྱི་རོ་ལྟ་བུའོ། ། |
Tibetan Source | 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་373.21ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |