2013
Jump to navigation
Jump to search
Tibetan | གཞལ་བྱ་རྣམ་པ་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།
1.གཞལ་བྱ་མངོན་སུམ་གྱི་དོན། གཞལ་བྱ་མངོན་སུམ་གྱི་དོན་ཞེས་བྱ་བ་ནི། ད་ལྟར་བྱུང་བའི་དུས་དང་། སྐད་ཅིག་མ་གཅིག་དང་། རང་གི་མཚན་ཉིད་ཀྱིས་བསྡུས་པ་ཡུལ་དང་དུས་དང་། རང་བཞིན་གྱིས་མ་བསྐལ་བའི་ཡུལ་ལོ། ། 2.ལྐོག་ཏུ་གྱུར་པའི་དོན་ནི། འདས་པ་དང་། མ་འོངས་པའི་དུས་དང་། སྐད་ཅིག་མ་སྔ་ཕྱིའི་རྒྱུན་དང་། སྤྱིའི་མཚན་ཉིད་ཀྱི་ཡུལ་དང་། དུས་དང་རང་བཞིན་གྱིས་བསྐལ་བའི་ཡུལ་ལོ། ། 3.ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ནི། དུས་གསུམ་དང་། སྐད་ཅིག་མའི་རྒྱུད་ཀྱི་རྒྱུན་དང་། རང་དང་སྤྱིའི་ཉིད་ཀྱིས་བསྡུས་པ་ཡུལ་དང་། དུས་དང་རང་བཞིན་གྱིས་བསྐལ་བ་དང་། མ་བསྐལ་བ་གཉི་གའི་ཡུལ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པའོ། ། གཞལ་བྱ་གསུམ་འཇལ་བའི་ཚད་མ་ནི་མངོན་སུམ་དང་། རྗེས་སུ་དཔག་པ་དང་། ཡིད་ཆེས་པའི་ལུང་དང་གོ་རིམ་བཞིན་ནོ། ། |
Tibetan Source | 《བསྟན་འགྱུར་སྣ་ཚོགས་ཇོ་པ་》ཤ་162ན་3ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |