2074
Jump to navigation
Jump to search
Tibetan | ཡི་གེ་བྲིས་ལེགས་པའི་མཚན་ཉིད་དག་སྒྲོས་རྐྱེན་གསུམ། |
---|---|
Tibetan Alternate | |
Tibetan Definition | 1.ལག་རྒྱུ་བཟང་ཞིང་བྲིས་ཀྱི་ཤེས་བྱ་ཐམས་ཅད་སྦྱངས་ཤིང་གོམས་པས་སྣག་ལམ་གཙང་ལ་ཡིག་ཚུགས་ལེགས་པ།
2.སྦྱངས་པ་ཆེ་བས་ཤིན་ཏུ་བྱུང་བས་དཀར་ནག་གི་ཆ་སོགས་སྙོམས་ཤིང་འབྲུ་ཁོག་སྒྲོས་པ། 3.བརྡ་སྤྲོད་ཀྱི་རིག་པ་ལ་མཁས་ཤིང་རིག་པ་དྭངས་ལ་རྣམ་རྟོག་རྒོད་པས་ཆད་ལྷག་དང་ཡིག་ནོར་མེད་པའོ། ། དེའང་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས། ཡིག་གཟུགས་བཟང་ངན་ལག་པའི་རྒྱུ། ། མགྱོགས་དལ་སྦྱངས་པ་ཆེ་ཆུང་སྟེ། ། དག་ཆ་རྣམ་རྟོག་རྒོད་གཡུང་གཙོ། ། ཞེས་གསུངས་སོ། ། |
Tibetan Source | 《བཟོ་གནས་སྐྲ་རྩེའི་ཆུ་ཐིགས་》ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |