2081

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཡིདཀྱི་ལུས་རྣམ་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ལངྐར་གཤེགས་པའི་མདོ་ལས་བྱུང་བ་སྟེ།

1.ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ལུས་ནི། ས་གསུམ་དང་། བཞི་དང་། ལྔ་ལ་རང་གི་སེམས་རྣམ་པ་མང་པོ་དབེན་པར་སྤྱོད་པས་སེམས་ཀྱི་རྒྱ་མཚོ་ལ་འཇུག་པའི་རྣམ་པར་ཤེས་པའི་རླབས་ཀྱི་མཚན་ཉིད་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་མི་འབྱུང་སྟེ། རང་གི་སེམས་སྣང་བའི་ཡུལ་དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་ཡོངས་སུ་ཤེས་པས་ཡིད་ཀྱི་ལུས་ཞེས་བྱའོ། ། 2.དེ་ལ་ཆོས་ཀྱི་ངོ་བོ་ཉིད་རྟོགས་པར་ཁོང་དུ་ཆུད་པའི་ཡིད་ཀྱི་ལུས་ནི། ས་བརྒྱད་པ་ལ་སྒྱུ་མ་ལ་སོགས་པའི་ཆོས་ཀྱི་སྣང་བ་མེད་པའི་རབ་ཏུ་རྣམ་པར་འབྱེད་པ་ཁོང་དུ་ཆུད་པས་སེམས་ཀྱི་གནས་ཤིན་ཏུ་གྱུར་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རབ་ཏུ་འཐོབ་པ་དང་། ཏིང་ངེ་འཛིན་གྱི་སྒོ་གཞན་དག་རབ་ཏུ་འཐོབ་པ་དང་། མཚན་མ་དང་། དབང་དང་། མངོན་པར་ཤེས་པ་དུ་མའི་མེ་ཏོག་རྒྱས་ཤིང་། ཡིད་ཀྱི་མགྱོགས་པ་དང་མཚུངས་པ་སྒྱུ་མ་དང་། རྨི་ལམ་དང་། གཟུགས་བརྙན་ལྟ་བུ་འབྱུང་བ་ལས་གྱུར་པ་མ་ཡིན་ལ། འབྱུང་བ་དང་། འབྱུང་བ་ལས་གྱུར་པ་དང་འདྲ་བར་གཟུགས་ཐམས་ཅད་ཀྱི་ཡན་ལག་སྣ་ཚོགས་འདུས་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འཁོར་གྱི་དཀྱིལ་འཁོར་དུ་རྗེས་སུ་སོང་བའི་ལུས་དེ་ནི་ཆོས་ཀྱི་ངོ་བོ་ཉིད་རྟོགས་པར་ཁོང་དུ་ཆུད་པའི་ཕྱིར་ཡིད་ཀྱི་ལུས་ཞེས་བྱའོ། ། 3.རིས་སུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་བྱ་བའི་ཡིད་ཀྱི་ལུས་ཏེ། (1)ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་ལུས། (2)ཆོས་ཀྱི་ངོ་བོ་ཉིད་རྟོགས་པ་ཁོང་དུ་ཆུད་པའི་ཡིད་ཀྱི་ལུས། (3)རིགས་སུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་བྱ་བའི་ཡིད་ཀྱི་ལུས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་སོ་སོ་རང་གིས་རིག་པ་བདེ་བའི་མཚན་ཉིད་ཁོང་དུ་ཆུད་པས་རིས་སུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་བྱ་བ་ཡིད་ཀྱི་ལུས་ཞེས་བྱའོ། །

Tibetan Source 《མདོ་ཅ་པ་》ཤ་174བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number