2110

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཡོངས་སུ་གདུང་བ་གསུམ།
Tibetan Alternate
Tibetan Definition དེ་ཡང་། ཆོས་མངོན་པ་ཀུན་ལས་བཏུས་པ་ལས་བྱུང་བ་སྟེ།

1.འདོད་ཆགས་ཀྱིས་ཡོངས་སུ་གདུང་བ། 2.ཞེ་སྡང་གིས་ཡོངས་སུ་གདུང་བ། 3.གཏི་མུག་གིས་ཡོངས་སུ་གདུང་བའོ། ། འདོད་ཆགས་ཞེ་སྡང་གཏི་མུག་དེ་དག་ལ་བརྟེན་ནས་ཚུལ་བཞིན་མ་ཡིན་པར་མཚན་མར་འཛིན་པ་དང་། མངོན་རྟོགས་སུ་འཛིན་པར་འགྱུར་ཏེ། མཚན་མར་འཛིན་པ་དང་མངོན་རྟགས་སུ་འཛིན་པ་དེས་ལུས་ཡོངས་སུ་གདུང་བར་འགྱུར་བ་དང་། སེམས་ཡོངས་སུ་གདུང་བར་འགྱུར་བ་དེ་དག་ནི་ཡོངས་སུ་གདུང་བ་རྣམས་ཞེས་བྱའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་རི་པ་》ཤ་83ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number