2138
Tibetan | རིག་པ་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་སྟེ།
1.ལྷའི་མིག་གི་ཤེས་པ་ནི། ལྷའི་མིག་གི་རིག་པ་ཡིན་ནོ། ། ལྷའི་མིག་གི་རིག་པ་གང་ཡིན་པ་དེ་ནི་རྣམ་པར་དག་པའི་ལྷའི་མཆོག་རྣམས་ཀྱི་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་ལྷའི་མིག་གི་རིག་པ་དེ་དང་ལྡན་པ་ཡིན་ནོ། ། རྣམ་པར་དག་པའི་ལྷ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་ནི་རྣམ་པར་དག་པའི་ལྷའོ། ། རྣམ་པར་དག་པའི་ལྷ་དེ་དག་གི་མཆོག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཏེ། རྣམ་པར་དག་པའི་ལྷའི་མཆོག་རྣམས་ཞེས་བྱའོ། ། བྱང་ཆུབ་སེམས་དཔས་ནི་རྣམ་པར་དག་པའི་ལྷའི་མཆོག་རྣམས་ཀྱི་ལྷའི་མིག་གི་རིག་པ་གང་ཡིན་པ་དེ་འཐོབ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལྟར་མ་ཡིན་པ་དེ་ནི་རིག་པ་དང་པོའོ། ། 2.སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པ་ནི། དེ་བཞིན་གཤེགས་པ་ལ་མཐའ་མི་མཁྱེན་པའམ། མི་རིག་པའམ། མི་རྟོགས་པ་གང་ཡང་མི་མངའ་འོ། ། བྱང་ཆུབ་སེམས་དཔའ་ནི་རིག་པ་དེ་ཐོབ་སྟེ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ལྟར་མ་ཡིན་པ་འདི་ནི་རིག་པ་གཉིས་པའོ། ། 3.ཟག་པ་ཟད་པའི་རིག་པ་ནི། ཟག་པ་ནི་བཞི་སྟེ། འདོད་པའི་ཟག་པ། སྲིད་པའི་ཟག་པ། མ་རིག་པའི་ཟག་པ། ལྟ་བའི་ཟག་པ་དང་བཞི་སྟེ། ཟག་པ་དེ་དག་བྱང་ཆུབ་སེམས་དཔས་བག་ཆགས་དང་བཅས་པར་སྤོང་བའི་ལམ་གྱིས་མངོན་པར་རྟོགས་ཏེ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ལྟར་ཉོན་མོངས་པའི་སྒྲིབ་པ་སྤོང་བའི་ལམ་གྱིས་ནི་མ་ཡིན་ནོ། ། དེ་ཟག་པ་ཟད་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱེ་བའི་གནས་སྐབས་ཐམས་ཅད་དུ་སྐྱེ་བ་ཡོངས་སུ་འཛིན་པ་ཐོགས་པ་མེད་པ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་ཟག་པ་ཟད་པའི་རིག་པ་ཞེས་བྱའོ། ། |
Tibetan Source | 《མདོ་ཛ་པ་》ཤ་42ན་5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |