2160

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རླུང་མཁྲིས་བད་ཀན་གྱི་ནད་གཞིའི་འབྱུང་རྐྱེན་གསུམ།
Tibetan Alternate
Tibetan Definition དེ་ཡང་། ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་རང་འགྲེལ་ལས་བྱུང་བ་སྟེ།

1.རླུང་ནད་དུ་གྱུར་པའི་ནད་གཞི་ནི། རོ་ཁ་བ་དང་། ན་ལེ་ཤམ་དང་། རོ་བསྐ་བའི་བག་ཟ་བ་དང་། ཁ་ཟས་ཆུང་ངུར་ཟ་བ་དང་། ཁ་ཟས་རྩུབ་པར་ཟ་བ་དང་། རྟག་ཏུ་ཁ་ཟས་ཚོད་བཟུང་སྟེ། དབུ་ཟུངས་ཟ་བ་དང་། བཤང་གཅི་འོང་ན་བཀག་པ་དང་། ཡང་ན་བཤང་གཅི་མི་འོང་བཞིན་དུ་ནན་གྱིས་བཙིར་བ་དང་། མཚན་མོ་ཐོག་ཐག་མི་ཉལ་བ་དང་། སྐད་ཆེན་པོ་དྲག་པར་སྨྲ་བ་དང་། བཀྲུ་སྨན་དང་། སྐྱུག་སྨན་ཧ་ཅང་མང་དུ་གཏོང་བ་དང་། འཇིགས་པ་དང་། མྱ་ངན་དང་། སེམས་ལས་དང་། དྲག་ཤུལ་རྩལ་བག་དང་། ལས་ཁུར་ཆེར་བྱེད་པ་དང་། བུད་མེད་ལ་ཧ་ཅང་ཐལ་དྲགས་པ་དང་། འདི་རྣམས་ལྟ་བུའི་གཞིས་དབྱར་ཟླ་ཐ་ཆུང་ཉ་བྲི་ཕན་ཆད་སྟོན་ཟླ་འབྲིང་པོའི་ཉ་ཚུན་ཆད་དུ་ནད་ཀྱིས་ཐེབས་པ་དང་། ཕྱིམ་འཕྲེད་དམ་ཐོ་རངས་ན་བ་དང་། ཁ་ཟས་ཟོས་པ་ཞུ་བའི་རྗེས་ལ་ན་བ་དེ་དག་ནི་རླུང་ནད་ཡིན་ནོ། ། 2.མཁྲིས་པ་རྒྱས་པར་གྱུར་པའི་ནད་གཞི་ནི། ན་ལེ་ཤམ་དང་། སྒོག་པ་དང་། དབྱི་མོ་དང་། ཀྲུ་དྲུག་ལྟ་བུ་ཟོས་པ་དང་། སྐྱུ་རུ་ར་དང་། བལ་པོ་སེའུ་ལྟ་བུ་མ་གཏོགས་པར་སྐྱུར་བག་གོ་ཅོག་ཟོས་པ་དང་། རོ་རྣོ་བག་ལ་སྐེ་ཚེ་ལྟ་བུ་ཚ་བ་དང་། ཁ་ཟས་མ་འགྲང་པ་ཚ་ཆེས་པ་ཟོས་སམ་འཐུངས་པ་དང་། ཉི་ཚན་ནམ་མེའི་འོད་ཚ་ཆེས་པ་ལ་འདེ་བ་དང་། ཁྲོས་ཤིང་རྔམ་པ་དང་། ལུས་དང་ཁོང་ཚ་བར་འགྱུར་བའི་བག་འདི་རྣམས་ཀྱིས་ནི་སྟོན་ཟླ་འབྲིང་པོ་ཉ་བྲི་ཕན་ཆོད་སྟོན་ཟླ་ཐ་ཆུང་དང་དགུན་ཟླ་ར་བ་ཉ་ཚུན་ཆད་ནད་ཀྱི་བཏབ་པའམ། ཉི་མའི་གུང་ངམ། ནམ་ཕྱེད་ནའམ། དབྱར་ཟླ་ར་བ་དང་། དབྱར་ཟླ་འབྲིང་པོ་ཚ་བའི་དུས་སུ་ནད་ཀྱིས་བཏབ་ན་དེ་ནི་མཁྲིས་པའི་ནད་ཅེས་བྱའོ། ། 3.བད་ཀན་གྱི་ནད་དུ་གྱུར་པའི་གཞི་ནི་བུ་རམ་གྱི་བག་དང་། འོ་མ་ལྟ་བུ་མངར་བག་དང་། ལན་ཚྭ་དང་། སྣུམ་བག་དང་། ཁ་ཟས་འཇུ་དཀའ་བ་སྟེ་ལྕི་བ་དང་། བད་ཀན་དུ་གྱུར་པའི་བག་དང་། བསིལ་བའི་བག་དང་། རྟོག་པར་མལ་གཅིག་ན་འདུག་པའི་བག་དང་། འཕྲེས་ཤིང་སྙེས་ཏེ་འདུག་པ་དང་། ཟས་མ་ཞུ་བ་དང་། ཉིན་པར་གཉིད་ལོག་པ་དང་། ཤ་སྐྱེ་ཞིང་སྦོམ་པར་འགྱུར་བ་འདི་རྣམས་ཀྱིས་ནི་ནད་རྒྱུས་པ་དྲངས་ཤིང་སློན་ཀྱང་མ་ཕྱིན་ཏམ། ཟན་ཟོས་མ་ཐག་པའི་རྗེས་ལ་ནའམ། དཔྱིད་ཟླ་འབྲིང་པོ་དང་། དཔྱིད་ཟླ་ཐ་ཆུང་གི་ངོ་ལ་ནའམ། སྔ་དྲོ་ནའམ། ནམ་སྟོད་ལ་ནད་ཀྱི་བཏབ་ན་དེ་ནི་བད་ཀན་གྱི་ནད་ཅེས་བྱའོ། །

Tibetan Source 《བསྟན་འགྱུར་གསོ་བ་རིག་པ་ཨེ་པ་》ཤ་95བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number