218
Jump to navigation
Jump to search
Tibetan | ཆོས་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་ལངྐར་གཤེགས་པའི་མདོ་ལས་བྱུང་བ་སྟེ།
1.སོ་སོ་རང་གི་ཆོས་ཉིད་ནི། གང་དེ་བཞིན་གཤེགས་པ་དེ་དག་གིས་ཐུགས་སུ་ཆུད་པ་སོ་སོ་རང་གི་རིག་པའི་སྤྱོད་ཡུལ་ཚིག་གི་རྣམ་པར་རྟག་པ་དང་བྲལ་བ། ཡི་གེ་དང་གཉིས་ཀྱི་ཡུལ་ལས་རྣམ་པར་གྲོལ་བ་དེ་ངས་ཀྱང་ལྷག་ཆད་མེད་པར་ཁོང་དུ་ཆུད་དོ། ། 2.སྔོན་གྱི་ལུགས་ཀྱི་ཆོས་ཉིད་ནི། སྔོན་གྱི་ཆོས་ཉིད་ཀྱི་ལམ་འདི་ནི་གསེར་དང་། དངུལ་དང་། མུ་ཏིག་གི་འབྱུང་ཁུངས་བཞིན་ཏེ། ཆོས་ཀྱི་དབྱིངས་གནས་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། དེའི་ཆོས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་མི་འགྱུར་བ་ནི་གྲོང་ཁྱེར་རྙིང་པའི་ལམ་བཞིན་དུ་འཇུག་པའོ། ། |
Tibetan Source | 《མདོ་ཅ་པ་》ཤ་178བ་5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |