2187

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལས་གསུམ།
Tibetan Alternate
Tibetan Definition འདི་ལ་ཁག་བདུན་ཡོད་པ་སྟེ།

ལས་གུདགས་པ་ལས་བྱུང་བ་ལྟར་ན་ཁག་གསུམ་ཡོད་པ་སྟེ། ཁག་དང་པོ། 1.ཚེ་འདི་ལ་མྱོང་བར་འགྱུར་བ་ནི། ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་སྐྱེས་ནས་མྱོང་བར་འགྱུར་བོ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། ཉམས་སུ་མྱོང་བར་འགྱུར་བ་ཡོད་དོ། ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འགྱུར་ཞིང་འོང་བར་འགྱུར་བའི་ཕྱིར་རོ། ། 2.སྐྱེས་ནས་མྱོང་བར་འགྱུར་བ་ནི། ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མ་མྱོང་བར་ཚེ་འདི་ལ་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་། འོང་བར་འགྱུར་བའི་ཕྱིར་རོ། ། 3.ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ནི། ལས་ཀྱི་རྣམ་པར་སྨིན་པ་མ་མྱོང་བར་ཚེ་འདི་ལ་མྱོང་བར་འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བའི་ལས་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་འདི་ཐོབ་པ་ནི། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། ། ཁག་གཉིས་པ། 1.བདེ་བ་མྱོང་བར་འགྱུར་བ་ནི། ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མ་མྱོང་བར་སྡུག་བསྔལ་མྱོང་བར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འགྱུར་ཞིང་འོང་བར་འགྱུར་བའི་ཕྱིར་རོ། ། 2.སྡུག་བསྔལ་མྱོང་བར་འགྱུར་བ་ནི། ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མ་མྱོང་བར་བདེར་མྱོང་བར་འགྱུར་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། ཉམས་སུ་སྤྱོད་པར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མདོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། ། 3.སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ནི། ལས་ཀྱི་རྣམ་པ་ཉམས་སུ་མ་མྱོང་བར་བདེ་བ་མྱོང་བར་འགྱུར་པ་དང་། སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། ། ཁག་གསུམ་པ། 1.འདོད་པ་དང་ལྡན་པའི་ལས་ནི། རྣམ་པར་སྨིན་པ་མ་མྱོང་བར་གཟུགས་དང་ལྡན་པའི་ལས་དང་། གཟུགས་མེད་པ་དང་ལྡན་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ནི། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། ། 2.གཟུགས་དང་ལྡན་པའི་ལས་ནི། རྣམ་པར་སྨིན་པ་མ་མྱོང་བར་འདོད་པ་དང་ལྡན་པའི་ལས་དང་། གཟུགས་མེད་པ་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འབྱུང་ཞིང་འོང་བར་འགྱུར་བའི་ཕྱིར་རོ། ། 3.གཟུགས་མེད་པ་དང་ལྡན་པའི་ལས་ནི། རྣམ་པར་སྨིན་པ་ཉམས་སུ་མ་མྱོང་བར་འདོད་པ་དང་ལྡན་པའི་ལས་དང་། གཟུགས་དང་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བ་ཡོད་དམ་ཞེ་ན། ཉམས་སུ་མྱོང་བར་འགྱུར་བ་ཡོད་དེ། དེ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ན། ལས་དེའི་རྣམ་པར་སྨིན་པ་མངོན་དུ་འགྱུར་ཞིང་འོང་བར་འགྱུར་བའི་ཕྱིར་རོ། །

Tibetan Source 《མདོ་ར་པ་》ཤ་44རོ3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number