2229

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཤེས་རབ་ཀྱི་ལས་མདོར་བསྡུ་ན་རྣམ་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།

1.ཆོས་ཀྱི་དེ་ཁོ་ནའི་དོན་རྟོགས་པར་བྱེད་པ་ནི་ལས་དང་པོ་ཡིན་ནོ། ། 2.དེ་ཁོ་ནའི་དོན་རྟོགས་ནས་དེ་ཁོ་ནའི་དོན་དེ་ཉིད་གཞན་དག་ལ་བརྗོད་པ་དང་། འདོགས་པ་དང་། འཇོག་པ་དང་། རྣམ་པར་འབྱེད་པ་དང་། རྣམ་པར་འགྲེལ་པ་དང་། གསལ་བར་བྱེད་པ་ནི་ལས་གཉིས་པ་ཡིན་ནོ། ། 3.ཀུན་ཏུ་སྦྱོར་བ་ལྷག་མ་རྣམས་སྤོང་བའི་ཕྱིར་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པར་བྱེད་པ་ནི་ལས་གསུམ་པ་ཡིན་ནོ། ། ལས་དེ་དག་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་དག་གིས་གོ་རིམ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཞི་པ་》ཤ་237ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number