2277

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སེམས་ངེས་པར་སེམས་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས་བྱུང་བ་ལྟར་ན་ཁག་བདུན་ཡོད་པ་སྟེ།

ཁག་དང་པོ། 1.ཉོན་མོངས་པ་ལ་ངེས་པར་སེམས་པ། 2.ཡུལ་ལ་ངེས་པར་སེམས་པ། 3.ཉེ་བར་ལེན་པ་ལ་ངེས་པར་སེམས་པའོ། ། ཁག་གཉིས་པ། 1.ཞི་གནས་ལ་རྩེ་གཅིག་པ། 2.ལྷག་མཐོང་ལ་མཁས་པ། 3.ཆོས་ལ་ནན་ཏན་བྱེད་པའོ། ། ཁག་གསུམ་པ། 1.སེམས་ཞི་བ། 2.སེམས་དུལ་བ། 3.སེམས་ཡིད་དུ་འོང་བའོ། ། ཁག་བཞི་པ། 1.དྲང་པོ། 2.སྒྱུ་མེད་པ། 3.གཉེར་བ་མེད་པའོ། ། ཁག་ལྔ་པ། 1.ཚུལ་འཆོས་མེད་པ། 2.མཉེན་པ། 3.འགྲོགས་ན་བདེ་བའོ། ། ཁག་དྲུག་པ། 1.སྟོང་པ་ཉིད་ལ་ངེས་པར་སེམས་པ། 2.མཚན་མ་མེད་པ་ལ་ངེས་པར་སེམས་པ། 3.སྨོན་པ་མེད་པ་ལ་ངེས་པར་སེམས་པའོ། ། ཁག་བདུན་པ། 1.འདུ་བྱེད་ཐམས་ཅད་ལ་མི་རྟག་པར་སེམས་ངེས་པར་སེམས་ཤིང་། འདུ་བྱེད་ཐམས་ཅད་ལ་སྡུག་བསྔལ་བར་སེམས་ངེས་པར་སེམས་པ། 2.ཆོས་ཐམས་ཅད་ལ་བདག་མེད་པར་སེམས་ངེས་པར་སེམས་པ། 3.མྱ་ངན་ལས་འདས་པ་ནི། ཞི་བར་སེམས་ངེས་པར་སེམས་པའོ། །

Tibetan Source 《མདོ་ན་པ་》ཤ་344བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number