2306
Jump to navigation
Jump to search
Tibetan | སོ་སོར་ཐར་པའི་སྡོམ་པའི་བརྒྱུད་གསུམ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས་བྱུང་བ་སྟེ།
1.སློབ་དཔོན་ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ་ཞི་བ་འཚོ། སྦ་རཏྣ་ལས་བརྒྱུད་དེ། བླ་ཆེན་དགོངས་པ་རབ་གསལ་གྱི་རིམ་པ་ལས་བརྒྱུད་ནས་ཁམས་དང་དབུས་གཙང་དུ་ཀླུ་མེས་ལ་སོགས་པ་ལས་རིམ་གྱིས་བྱུང་བའོ། ། 2.པཎྜི་ཏ་དྷརྨ་པཱ་ལའི་མཁན་བུ་པཱ་ལ་རྣམ་གསུམ་གྱི་སློབ་མ་ཞང་ཞུང་རྒྱལ་པའི་ཤེས་རབ་ལས་བརྒྱུད་པ་དང་། སྟོད་འདུལ་བ་ཞེས་གྲགས་པ་དག་གོ ། 3.ཀླུ་སྒྲུབ་ཀྱི་མཁན་བུ་གུ་ཎ་མ་ཏི། རཏྣ་མི་ཏྲ། ཤྲཱི་དྷརྨ་པཱ་ལ། གུ་ཎ་སཱ་ག་ར། དྷརྨ་མཱ་ལ། ཨཱ་ ཀ་ར་གུཔྟ། པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། དེས་བོད་ཡུལ་དུ་ས་སྐྱ་པཎ་ཆེན་ལ་སོགས་པ་མང་པོ་བསྙེན་པར་རྫོགས་ཤིང་། རྡོ་རྗེ་དཔལ་དང་བྱང་ཆུབ་དཔལ་ཞེས་བྱ་བ་ལས་རིམ་གྱིས་ཚོགས་པ་སྡེ་བཞི་པོ་འདི་བྱུང་བ་ཡིན་ནོ། ། |
Tibetan Source | 《དེབ་ཐེར་སྔོན་པོ་》དེབ་ཤ་57.8ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |