2311

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྲིད་པ་གསུམ།
Tibetan Alternate
Tibetan Definition འདི་ལ་ཁག་བདུན་ཡོད་པ་སྟེ།

དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་ཁག་གཅིག་སྟེ། 1.འདོད་པའི་སྲིད་པ་ནི། འོག་གི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ནས་ཉེ་བར་བཟུང་སྟེ་འོག་མིན་གྱི་ལྷ་རྣམས་ཀྱི་བར་འདི་ནི་གཟུགས་ཀྱི་སྲིད་པའོ། ། 2.གཟུགས་ཀྱི་སྲིད་པ་ནི། ཚངས་རིགས་ཀྱི་ལྷ་རྣམས་ནས་ཉེ་བར་བཟུང་སྟེ་འོག་མིན་གྱི་ལྷ་རྣམས་ཀྱི་བར་འདི་ནི་གཟུགས་ཀྱི་སྲིད་པ་ཞེས་བྱའོ། ། 3.གཟུགས་མེད་པའི་སྲིད་པ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ནས་བཟུང་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་བར་འདི་ནི་གཟུགས་མེད་པའི་སྲིད་པ་ཞེས་བྱའོ། །

Tibetan Source 《མདོ་ལ་པ་》ཤ་267ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number