2347

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གསུང་ཡིག་འབྲུ་གསུམ་ངོ་སྤྲད་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་འབུམ་བཞུགས་པའི་དབུའི་ཕྱོགས་ཏེ་ཞུས་ལན་ལས་བྱུང་བ་སྟེ།

1.སྤྱི་གཙུག་གི་ༀ་དེ་བདེ་བར་གཤེགས་པའི་སྐུའི་སྙིང་པོར་ངོ་སྤྲད༔ 2.མགྲིན་པའི་ཨཱ༔ གསུང་གི་སྙིང་པོར་ངོ་སྤྲད༔ 3.ཐུགས་ཀའི་ཧཱུཾ་ཐུགས་ཀྱི་སྙིང་པོར་ངོ་སྤྲད༔ གཞན་ཡང་། 1.ཨྃ་གྱིས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་སྦྱོང་བར་ངོ་སྤྲད༔ 2.ཨཱཿས་ངག་གི་སྒྲིབ་པ་སྦྱོང་བར་ངོ་སྤྲད༔ 3.ཧཱུྃ་གིས་ཡིད་ཀྱི་སྒྲིབ་པ་སྦྱོང་བར་ངོ་སྤྲད༔ ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་བས་གྲུབ་རྟགས་རྣམ་གསུམ་འབྱུང་སྟེ། 1.ཨོཾ་གྱིས་ལུས་ལ་བདེ་བ་འབྱུང་སྟེ༔ བདེ་བ་ཆོས་ཀྱི་སྐུར་ངོ་སྤྲད༔ 2.ཨཱཿས་གསུང་གྲུབ་པས་ངག་ལ་ནུས་པ་འབྱུང་སྟེ༔ གྲགས་སྟོང་ཆོས་ཉིད་ཀྱི་སྒྲར་ངོ་སྤྲད༔ 3.ཧཱུྃ་གིས་ཐུགས་གྲུབ་པས་སེམས་ལ་རྟོག་པ་འཆར་ཏེ༔ གསལ་ལ་མི་རྟོག་པའི་ཆོས་ཀྱི་དབྱིངས་སུ་ངོ་སྤྲད༔ དེ་ལྟར་གསལ་བའི་དུས་ན་རྒྱུན་མི་འཆད་པ་རྣམ་པ་གསུམ་འབྱུང་སྟེ༔ (1)རླུང་ནང་དུ་འཇུག་པ་ཨོཾ་སྟེ༔ ཨོཾ་ཞེས་སྤྱི་བོ་ནས་འབྱུང་༔ (2)རླུང་བར་ན་གནས་པ་ཨཱཿསྟེ་མགྲིན་པ་ནས་འབྱུང་༔ (3)ཕྱིར་རྒྱུ་བ་ཧཱུྃ་སྙིང་ག་ནས་འབྱུང་༔ སྙིང་པོ་འབྲུ་གསུམ་རླུང་འབྱུང་འཇུག་རྒྱུན་མི་འཆད་པས༔ རྡོ་རྗེའི་བཟླས་པ་ངོ་སྤྲད་དོ༔ དེ་རྣམས་ནི་གསུང་ཡིག་འབྲུ་གསུམ་ངོ་སྤྲད་པའོ༔

Tibetan Source 《རིན་ཆེན་གཏེར་མཛོད་ཨི་པ་》ཤ་14ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number