2387

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བསླབ་པ་གསུམ།
Tibetan Alternate
Tibetan Definition འཕགས་པ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བའི་མདོ་ལས་བྱུང་བ་དགེ་སྦྱོང་གི་ཆོས་ཏེ།

1.ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི། དགེ་སྦྱོང་སོ་སོར་ཐར་པ་ལ་བསྡམ་པ་སྡོམ་པར་འགྱུར་བ་དང་། སྤྱད་པའི་སྤྱོད་ཡུལ་གྱི་རྡུལ་ཕུན་སུམ་ཚོགས་པ་ཁ་ན་མ་ཐོ་བས་འཇིགས་པ་ལ་བལྟ་བ་དང་། ཀུན་ནས་འབྱུང་བ་ལ་བསླབ་པ་ལ་སློབ་པའི་ཚིག་འདི་དག་ནི། ལྷག་པའི་ཚུལ་ཁྲིམས་ཀྱི་སློབ་པ་ཞེས་བྱའོ། ། 2.ལྷག་པའི་སེམས་ཀྱི་བསླབ་པ་ནི། ཚངས་པའི་གནས་བཞི་ལ་གནས་པ་འདིའི་ཕྱིར་བྱམས་པའི་སེམས་དང་ལྡན་པ་འཇིག་རྟེན་ཐམས་ཅད་འགེངས་པ་དེའི་བར་དུ་རྣམ་པར་རྒྱས་པར་བརྗོད་པ་འདི་ནི། ལྷག་པའི་སེམས་སློབ་པ་ཞེས་བྱའོ། ། 3.ལྷག་པའི་ཤེས་རབ་ཀྱི་བསླབ་པ་ནི། འདི་ནི་། འཕགས་པའི་བདེན་པ་བཞི་སྟེ། (1)འཕགས་པའི་བདེན་པའི་སྡུག་བསྔལ་ནི། འདི་ལྟ་སྟེ། སྐྱེ་བའི་སྡུག་བསྔལ་དང་། རྒས་པའི་སྡུག་བསྔལ་དང་། ནད་ཀྱི་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་དང་། མི་མཛའ་བ་དང་ཕྲད་པའི་སྡུག་བསྔལ་དང་། མཛའ་བ་དང་བྲལ་བའི་སྡུག་བསྔལ་དང་། འདོད་པ་མི་རྙེད་པའི་སྡུག་བསྔལ་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོའི་སྡུག་བསྔལ་འདི་ནི། འཕགས་པའི་བདེན་པའི་སྡུག་བསྔལ་ཞེས་བྱའོ། ། (2)ཀུན་ནས་འབྱུང་བའི་སྡུག་བསྔལ་ནི། གང་ལ་ལ་སྨོན་པའི་འདོད་ཆགས་དང་ལྡན་པ་དེ་དང་དེར་འགྱུར་རོ། ། (3)འགོག་པའི་སྡུག་བསྔལ་ནི། སྨོན་པ་མངོན་པར་འགྱུར་བ་འདི་མ་ལུས་པ་སོ་སོར་སྤོང་བ། ཤིན་ཏུ་མི་འབྱུང་བ། ཟད་པ་མེད་པ། འདོད་ཆགས་དང་བྲལ་བ། ཉེ་བར་ཞི་བ་འདི་ཞེས་བྱའོ། ། (4)སྡུག་བསྔལ་འགོག་པར་འགྲོ་བ་ལ་ནན་ཏན་བྱེད་པའི་འཕགས་པའི་བདེན་པ་ནི། འཕགས་པའི་ལམ་གྱི་ཡན་ལག་ནི། [1]ཡང་དག་པའི་ལྟ་བ། [2]ཡང་དག་པའི་རྟོག་པ། [3]ཡང་དག་པའི་ངག [4]ཡང་དག་པའི་ལས་ཀྱི་མཐའ། [5]ཡང་དག་པའི་འཚོ་བ། [6]ཡང་དག་པའི་རྩོལ་བ། [7]ཡང་དག་པའི་དྲན་པ། [8]ཡང་དག་པའི་ཏིང་ངེ་འཛིན་འདི་ནི། བདེན་པའི་གཏམ་བརྒྱུད་ཅེས་བྱའོ། །

Tibetan Source 《མདོ་ཞ་པ་》ཤ་359བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number