2729

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྒྱུད་སྡེ་བཞི་པོའི་ཁྱད་པར་བཞི།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། 1.ཀྲི་ཡ་བ་ནི༌དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་ཡང་། ཀུན་རྫོབ་ཏུ་ལྷ་དང་བདག་ཉིད་རྗེ་ཁོལ་ལྟ་བུར་འདོད་དེ། ལྷ་ནི་རྗེ་དང་ཁོལ་དུ་གནས་ཞེས་པའམ། རྟོག་པ་རྣམ་པར་གྲོལ་བའི་རྒྱུད་ལས། དོན་དམ་སྤྲོས་བྲལ་སྟོང་པའི་ངང་ཉིད་ལས། །ཀུན་རྫོབ་སྒྱུ་མ་ལྟ་བུའི་ལྷར་སྣང་བས། རྗེ་འབངས་ཚུལ་དུ་དད་པས་རབ་བསྒོམ་ན། ། དངོས་གྲུབ་དམ་པ་སངས་རྒྱས་ཉིད་དུ་ཞེས་སོ། ། 2.ཨུ་པ་ཡོ་ག་སྤྱོད་པའི་རྒྱུད་ནི དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་ཡང་ཀུན་རྫོབ་ཏུ་གྲོགས་པོའི་ཚུལ་དུ་འདོད། དེ་ཡང་གྲོགས་པོ་ཉིད་དུ་ཉེ་བར་གནས། ། ཞེས་པའི་བློ་གྲོས་རྒྱ་མཚོའི་རྒྱུད་ལས། དོན་དམ་རྣམ་དག་ཡེ་ཤེས་ཆེན་པོ་ལས། སྒྱུ་མའི་ཚུལ་དུ་སྒོམ། སྒྱུ་མ་ལྟ་བུའི་སྔགས་ལམ་ཉིད་ཀྱིས། ཐར་པ་ཆེན་པོ་བྱང་ཆུབ་ ཉིད་དུ་འགྱུར། ། ཞེས་སོ། ། 3.རྣལ་འབྱོར་གྱི་རྒྱུད་ནི། དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་ཡང་། ཀུན་རྫོབ་ཏུ་གསེར་འགྱུར་རྩི་ལྟར་གཉིས་མེད་དུ་སྒོམ་སྟེ། དེ་ཡང་། འཕགས་པ་རྡོ་རྗེ་དམ་ཚིག་མངོན་པར་འབྱུང་བ་ལས། དམ་པའི་དོན་གྱི་ཆོས་ཉིད་ལས། ། རང་རིག་ཡེ་ཤེས་ལྷ་ཡི་སྐུ། ། གསེར་གྱུར་རྩི་ཡི་རྣམ་པ་ལྟར། ། དབྱེར་མེད་བསྒོམས་པས་འབྲས་བུ་ཐོབ། ། ཅེས་སོ། ། 4.རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི། དོན་དམ་དུ་ལྷ་དང་བདག་ཉིད་གཉིས་སུ་མེད་པར་འདོད་ནས་རང་ཆས་སུ་ཡོད་པ་ལ་དེ་ངོ་ཤེས་པར་བྱས་པས་ཆོག་སྟེ། དེ་ལྟར་ཡང་ཡེ་ཤེས་དགོངས་པ་བླ་ན་མེད་པ་ལས། དོན་དམ་སྤྲོས་བྲལ་འོད་གསལ་ཆོས་ཀྱི་སྐུ། །དེ་ཡང་རང་སྣང་དབྱེར་མེད་དག་ལ་ནི། ། འཇུག་པའི་མཚན་ཉིད་མཉམ་སྦྱོར་བ། ། ཞེས་པའམ། དེ་ཡི་རྣམ་འཕྲུལ་བདེ་བ་ཆེན་པོའི་སྐུ། ། བདེ་སྟོང་དབྱེར་མེད་རྣལ་འབྱོར་མཆོག་གི་ལམ། ། ཞེས་སོ། ། ཁག་གཉིས་པ། 1.བྱ་བའི་རྒྱུད་ནི། ལུས་ཀྱི་བྱ་བ་ཁྲུས་དང་གཙང་སྦྲ་གོས་གསུམ་བརྗེ་ཞིང་ཟས་གསུམ་སྤོང་བ་ལ་སོགས་པའི་བྱ་བ་དྲུག་གི་འཇུག་པས་ན་བྱ་བའི་རྒྱུད་དོ། ། 2.སྤྱོད་པའི་རྒྱུད་ཨུ་པ་ནི། ནང་གི་བཟླས་བརྗོད་གཙོ་བོར་སྟོན་ཅིང་ཕྱག་རྒྱ་དང་ཏིང་ངེ་འཛིན་ཡང་ཞར་ལ་སྟོན་པས་གཉིས་ཀའི་རྒྱུད་ཅེས་བྱ་བའོ། ། 3.རྣལ་འབྱོར་གྱི་རྒྱུད་ཡོ་ག་ནི། ཕྱི་ལུས་ངག་གི་བྱ་བ་ཞར་ལ་སྟོན་ཅིང་། ནང་སེམས་ཀྱི་ཏིང་ངེ་འཛིན་གཙོ་བོར་སྟོན་པས་ན་རྣལ་འབྱོར་གྱི་རྒྱུད་དོ། ། 4.བསྐྱེད་པ་མཧཱ་ཡོ་ག་ནི། ལྟ་སྤྱོད་གཉིས་ལ་བརྟེན་པས་བསྐྱེད། རྫོགས་པ་ཨ་ནུ་ཡོ་ག་ནི། ལྟ་བ་འབའ་ཞིག་ལ་བརྟེན་པས་རྫོགས། ཨ་ཏི་ཡོ་ག་ནི། གང་ལ་ཡང་མི་བརྟེན་པས་ན་རྫོགས་པ་ཆེན་པོ་ཞེས་བྱའོ། །

Tibetan Source 《ལྡེའུ་ཆོས་འབྱུང་》དེབ་ཤ་144.9ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number