2902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་བྱེད་པའི་སོ་ནམ་རྣམ་པ་བཞི།
Tibetan Alternate
Tibetan Definition དེ་ཡང་། རིན་ཆེན་གཏེར་མཛོད་གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སློབ་དཔོན་པདྨའི་ཞལ་ནས༔

1.ཡིད་ཆེས་པའི་དད་པ་བརྟན་པོས་རྒྱུད་ཀྱི་ཐ་རྒོད་སྤང་དགོས༔ 2.སྒོམ་སྒྲུབ་ཀྱིས་སེམས་བསྒྱུར་བའི་ལུད་འདེབས་དགོས༔ 3.དགེ་བའི་རྩ་བ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ས་བོན་བཟང་པོ་འདེབས་དགོས༔ 4.དུག་ལྔ་དང་རྣམ་རྟོག་ཐམས་ཅད་ཐབས་ཤེས་རབ་ཟུང་འཇུག་གི་ཚོས་གླང་གིས་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ཡེ་ཤེས་ཀྱི་གཤོལ་བཟུང་བས་ཕ་རོལ་ཏུ་གསོད་དགོས༔ དེ་ལྟར་བྱས་ན་བྱང་ཆུབ་ཀྱི་མྱུ་གུ་ལ་སངས་རྒྱས་ཀྱི་འབྲས་བུ་མི་སྐྱེ་མི་སྲིད་དོ༔ ལར་འཇིག་རྟེན་འདིའི་སོ་ནམ་ལ་ངལ་དུབ་མེད་པར་ཐར་པའི་སོ་ནམ་མི་ནུས་པ་ཁོ་ན་མང་༔ སེམས་ཅན་སྙིང་རྗེ་གསུངས༔

Tibetan Source 《རིན་ཆེན་གཏེར་མཛོད་ཨི་པ་》ཤ་79ན་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number