3130
Tibetan | ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་བཞི། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་ལྟར་ན་ཁག་བཞི་བཅུ་ཡོད་པ་སྟེ།
ཁག་དང་པོ། 1.ཉེས་པར་ཐོས་པ་ཉན་པ་སྟེ། འདི་ལྟར་འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་ཡོངས་སུ་ཚོལ་བ། 2.ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མི་ཉན་པ། 3.བདུད་ཀྱི་ལས་ཀུན་ནས་ལངས་པས་མངོན་པའི་ང་རྒྱལ་བྱེད་པ། 4.ཆོས་ཀྱི་སྒྲིབ་པ་ཀུན་ནས་ལངས་ནས་ཆོས་སྤོང་བའོ། ། ཁག་གཉིས་པ། 1.ཚོགས་པ་དང་། 2.ཞེ་སྡང་དང་། 3.གཏི་མུག་དང་། 4.ཉོན་མོངས་པས་རྒྱགས་ནས་ཆོས་ཀྱི་ཡོན་ཏན་དོན་དུ་མི་གཉེར་བའོ། ། ཁག་གསུམ་པ། 1.ཕ་རོལ་གྱི་རྙེད་པ་རྣམས་ལ་ཕྲག་དོག་བྱེད་པ་དང་། 2.ཆོས་སྟོན་པ་རྣམས་ལ་གཡོས་སྟོན་པ་དང་། 3.གཟིངས་བའི་བློས་རྒྱུས་ཉེ་བར་སྤྱོད་པ་དང་། 4.སླུ་བས་སེམས་མི་བརྟན་པའོ། ། ཁག་བཞི་པ། 1.དགེ་བའི་བཤེས་གཉེན་ལ་སྡིག་པའི་གྲོགས་པོར་འདུ་ཤེས་པ་དང་། 2.སྡིག་པའི་གྲོགས་པོ་ལ་དགེ་བའི་བཤེས་གཉན་དུ་འདུ་ཤེས་པ་དང་། 3.ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་དང་། 4.ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་པའོ། ། ཁག་ལྔ་པ། 1.སེར་སྣའི་དྲི་མ་ཅན་གྱི་སེམས་དང་། 2.སློང་བ་རྣམས་ལ་གནོད་པ་དང་ཐ་བ་ཅན་གྱིས་སེམས་དང་། 3.བྱིན་ནས་འགྱོད་པའི་སེམས་དང་། 4.ཐམས་ཅད་མཁྱེན་པ་ཉིད་ལ་སེམས་མི་ཕྱོགས་པའོ། ། ཁག་དྲུག་པ། 1.འདུན་པས་སྦྱིན་པ་དང་། 2.ཞེ་སྡང་གིས་སྦྱིན་པ་དང་། 3.གཏི་མུག་གིས་སྦྱིན་པ་དང་། 4.འཇིགས་པས་སྦྱིན་པའོ། ། ཁག་བདུན་པ། 1.བརྗོད་པས་སྦྱིན་པ་དང་། 2.གྲགས་པས་སྦྱིན་པ་དང་། 3.སྒྲས་སྦྱིན་པ་དང་། 4.ཚིགས་སུ་བཅད་པས་སྦྱིན་པའོ། ། ཁག་བརྒྱད་པ། 1.ངོར་བལྟ་བའི་སྦྱིན་པ་དང་། 2.སྐབས་ཅུང་ཟད་ཀྱི་ཕྱིར་སྦྱིན་པ་དང་། 3.བརྙས་ཐབས་སུ་སྦྱིན་པ་དང་། 4.རང་གི་ལག་ནས་སྦྱིན་པ་མ་ཡིན་པའོ། ། ཁག་དགུ་པ། 1.ངན་པ་སྦྱིན་པ་དང་། 2.མི་བཟོད་པའི་སྦྱིན་པ་དང་། 3.གུས་པར་མ་བྱས་པའི་སྦྱིན་པ་དང་། 4.མངོན་པའི་ང་རྒྱལ་གྱིས་སྦྱིན་པའོ། ། ཁག་བཅུ་པ། 1.མཚོན་ཆ་སྦྱིན་པ་དང་། 2.དུག་སྦྱིན་པ་དང་། 3.རུང་བ་མ་ཡིན་པའི་སྦྱིན་པ་དང་། 4.མི་ཆོག་པར་སྦྱིན་པའོ། ། ཁབག་བཅུ་གཅིག་པ། 1.ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་ཞེ་སྡང་བ་དང་། 2.ཚུལ་ཁྲིམས་འཆལ་བ་རྣམས་ལ་གནོད་པ་དང་ཐ་པའི་སེམས་དང་ལྡན་པ་དང་། 3.བདག་ཉིད་ལྷོད་པ་དང་། 4.ཚུལ་ཁྲིམས་དང་སྡོམ་པའི་གཏམ་ལ་གསོད་པ་ལྟ་བུར་འདུ་ཤེས་པའོ། ། ཁག་བཅུ་གཉིས་པ། 1.ཡང་བའི་རྙེད་པ་ཡོངས་སུ་ཚོལ་བ་དང་། 2.ཆོས་ཀྱིས་རྙེད་པ་ཀུན་ཏུ་འགྱེད་པར་མི་བྱེད་པ་དང་། 3.གཞན་གྱིས་ཐོབ་པ་གཅོད་པ་དང་། 4.རང་གིས་ཐོབ་པས་ཆོག་མི་ཤེས་པའོ། ། ཁག་བཅུ་གསུམ་པ། 1.སྤྱོད་ལམ་གྱིས་ལུས་ཚུལ་འཆོས་པ་དང་། 2.ལོག་པར་སྨྲ་བས་ངག་ཚུལ་འཆོས་པ་དང་། 3.སྡིག་པ་འདོད་པས་སེམས་ཚུལ་འཆོས་པ་དང་། 4.འཚོ་བ་ཡོངས་སུ་མ་དག་པས་ཐམས་ཅད་དུ་ཚུལ་འཆོས་པའོ། ། ཁག་བཅུ་བཞི་པ། 1.ཐེག་པ་མཚུངས་པའི་ཡང་དག་པར་ཞུགས་པ་རྣམས་ལ་ཞེ་སྡང་བ་དང་། 2.བདུད་ཀྱི་ལས་ཁོང་དུ་མ་ཆུད་པས་མངོན་པའི་ང་རྒྱལ་ཅན་དང་། 3.དེ་དག་གི་བསྔགས་པ་མ་ཡིན་པ་བརྗོད་པ་དང་། 4.དེ་དག་གི་བསྔགས་པ་དང་ཡོན་ཏན་གྱིས་ཡིད་མི་བདེ་བར་འགྱུར་བའོ། ། ཁག་བཅོ་ལྔ་པ། 1.ང་རྒྱལ་གྱིས་ཁེངས་ནས་ཆོས་རྣམས་ལ་རིམ་གྲོ་མེད་པ་དང་། 2.ཆོས་སྨྲ་བ་རྣམས་ལ་མི་གུས་པ་དང་། 3.ཕ་མ་དང་སློབ་དཔོན་དང་མཁན་པོ་རྣམས་ལ་མི་འདུད་པ་རྣམས་དང་། 4.ལུས་དང་སེམས་ཚུབ་པས་རྟག་པར་རྒྱུན་དུ་མི་མཐུན་པར་གནས་པའོ། ། ཁག་བཅུ་དྲུག་པ། 1.བདག་གི་ཡོན་ཏན་བརྗོད་པ་དང་། 2.གཞན་གྱི་ཡོན་ཏན་ལོག་པར་བརྗོད་པ་དང་། 3.ངའོ་སྙམ་པའི་ང་རྒྱལ་འབར་བ་དང་། 4.ཁྲོ་བ་བརྟན་པའོ། ། ཁག་བཅུ་བདུན་པ། 1.ལེ་ལོ་དང་། 2.སྙོམས་ལས་དང་། 3.བཀའ་བློ་མི་བདེ་བ་དང་། 4.མཐུན་པར་མི་འཛིན་པའོ། ། ཁག་བཅོ་བརྒྱད་པ། 1.མ་དུལ་བ་དང་། 2.མ་ཞི་བ་དང་། 3.མ་སྦས་པ་དང་། 4.མ་བཏུལ་བའོ། ། ཁག་བཅུ་དགུ་པ། 1.ཐོས་པ་ཉུང་དུས་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དུ་འཇུག་པ་དང་། 2.ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མི་གནས་པར་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་འདོད་པ་དང་། 3.དབང་པོ་རྣམས་ཀྱི་སྒོ་མ་བསྲུངས་པར་བུད་མེད་ལ་ལྟ་བ་དང་། 4.མཉམ་པར་མ་བཞག་པའི་སེམས་ཀྱིས་སེམས་ཅན་གྱི་དབང་པོ་ལ་འཇུག་པའོ། ། ཁག་ཉི་ཤུ་པ། 1.བསྡུ་བའི་དངོས་པོ་ལ་མི་བརྩོན་པ་དང་། 2.སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་གཡེལ་བ་དང་། 3.ཆོས་སྤོང་གི་ལས་ཀུན་ཏུ་མི་སྲུང་བ་དང་། 4.ཆོས་སྨྲ་བའི་གང་ཟག་རྣམས་ལ་གནོད་པ་བྱེད་པའོ། ། ཁག་ཉེར་གཅིག་པ། 1.གཏི་མུག་གིས་འདོད་པ་ཆེ་བ་དང་། 2.ཞེ་སྡང་གིས་སྡིག་པ་འདོད་པ་དང་། 3.འདོད་ཆགས་ཀྱིས་ཆོག་མི་ཤེས་པ་དང་། 4.ཆགས་པས་ངོམས་མི་མྱོང་བའོ། ། ཁག་ཉེར་གཉིས་པ། 1.མ་དད་པས་མི་འདུན་པ་དང་། 2.སྡིག་པའི་གྲོགས་པོ་དང་བསྟེན་པས་སྡིག་པ་ལ་མི་སྨོད་པ་དང་། 3.ལེ་ལོས་དགེ་བའི་ཆོས་ཡོངས་སུ་འགྲིབ་པ་དང་། 4.བག་མེད་པས་དགེ་བའི་རྩ་བ་བྱས་པ་རབ་ཏུ་འཇིག་པའོ། ། ཁག་ཉེར་གསུམ་པ། 1.ནང་དུ་སོ་སོར་མི་རྟོག་པས་ངོ་ཚ་མེད་པ་དང་། 2.སངས་རྒྱས་ལ་མི་རྟོག་པས་ཁྲེལ་མེད་པ་དང་། 3.མཚམས་མེད་པ་དང་མཚུངས་པས་བྱས་པ་མི་གཟོ་བ་དང་། 4.རེ་བས་བྱས་ན་མི་འཇིགས་པའོ། ། ཁག་ཉེར་བཞི་པ། 1.གནོད་སེམས་དང་། 2.ཁོང་ཁྲོ་བ་དང་། 3.འཁོན་དུ་འཛིན་པ་དང་། 4.རྣམ་པར་འཚེ་བའོ། ། ཁག་ཉེར་ལྔ་པ། 1.འཕགས་པ་རྣམས་ལ་སླུ་བ་དང་། 2.འཕགས་པ་མ་ཡིན་པ་རྣམས་ལ་རྗེས་སུ་མི་སྲུང་བ་དང་། 3.སྦྱིན་པ་པོ་རྣམས་ལ་བརྙས་པ་དང་། 4.སྦྱིན་གནས་རྣམས་ལ་ཁྱད་དུ་གསོད་པའོ། ། ཁག་ཉེར་དྲུག་པ། 1.ལུས་ཀྱི་ལས་ཡོངས་སུ་མ་དག་པ་དང་། 2.ངག་གི་ལས་ཀུན་ཏུ་མི་སྲུང་བ་དང་། 3.སེམས་ཀྱི་ལུས་ཞུམ་པ་དང་། 4.ཐེག་པ་ཆེན་པོ་ལ་སྒྱིད་ལུག་པའོ། ། ཁག་ཉེར་བདུན་པ། 1.འདུམ་པ་རྣམས་ལ་དབྱེན་བྱེད་པ་དང་། 2.སློབ་དཔོན་དང་མཁན་པོ་རྣམས་ལ་ཚིག་བརླང་བ་དང་། 3.དགོས་པ་དོན་དུ་གཉེར་བ་རྣམས་ལ་ཚིག་ཀྱལ་པ་སྨྲ་བ་དང་། 4.ལྷ་དང་མི་རྣམས་ལ་སླུ་བའོ། ། ཁག་ཉེར་བརྒྱད་པ། 1.ཚུལ་ཁྲིམས་ཀྱི་ཕུང་པོ་ཀུན་ཏུ་མི་སྲུང་བ་དང་། 2.འཇིག་རྟེན་ཕ་རོལ་ལ་ལོག་པར་བརྗོད་པ་དང་། 3.དགེ་བའི་རྩ་བ་རྣམས་འཇིག་པ་དང་། 4.ཚོགས་བསགས་པ་རབ་ཏུ་འཇིག་པའོ། ། ཁག་ཉེར་དགུ་པ། 1.རྒོད་པའི་འཁོར་དང་། 2.ཁེངས་ཤིང་འདུས་པ་ལ་ཆགས་པ་དང་། 3.མུ་ཅོར་སྨྲ་བས་ལྟུང་བ་ཤིན་ཏུ་འདའ་བ་དང་། 4.ཆོལ་པའི་ཚིག་གིས་འཇིག་རྟེན་པའི་གསང་ཚིག་བརྗོད་པའོ། ། ཁ་སུམ་ཅུ་པ། 1.མི་རྩོམ་པར་དགོན་པ་ལ་གནས་པ་དང་། 2.ཁོང་ཁྲོ་བ་མང་ལ་འདྲི་ཞིང་གནས་པ་དང་། 3.དགེ་བའི་རྩ་བ་མ་བསྐྱེད་པར་བསོད་ནམས་དང་ལྡན་པར་འདུ་ཤེས་པ་དང་། 4.བྱང་ཆུབ་སེམས་དཔའི་མིང་གིས་ཐོབ་པས་འཚོ་བའོ། ། ཁག་སོ་གཅིག་པ། 1.ཅང་ཤེས་མེད་པའི་སེམས་དང་། 2.དམུ་རྒོད་ཀྱི་སེམས་དང་། 3.མ་དུལ་བའི་སེམས་དང་། 4.སེམས་ཅན་རྣམས་ལ་མི་སྙོམས་པའི་སེམས་སོ། ། ཁག་སོ་གཉིས་པ། 1.ཚུལ་ཁྲིམས་ཀྱིས་དྲེགས་པ་དང་། 2.མང་དུ་ཐོས་པས་དྲེགས་པ་དང་། 3.དགོན་པ་ལ་གནས་པས་དྲེགས་པ་དང་། ། 4.སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྟུངས་པས་དྲེགས་པའོ། ། ཁག་སོ་གསུམ་པ། 1.བདག་ལ་བརྙས་པ་དང་། 2.ཆོས་ལ་བརྙས་པ་དང་། 3.དགེ་བའི་ཚུ་བ་ཆུང་ངུ་ལ་བརྙས་ཏེ་བྱང་ཆུབ་ཏུ་ཡོངས་སུ་མི་བསྔོ་བ་དང་། 4.སྐབས་སྐབས་སུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་འདོད་པའོ། ། ཁག་སོ་བཞི་པ། 1.ལུས་དེ་ལ་ཆགས་པ་དང་། 2.སེམས་དེ་ལ་ཆགས་པ་དང་། 3.ཚུལ་ཁྲིམས་དང་ཐོས་པ་དེ་ལ་ཆགས་པ་དང་། 4.ཁྱད་པར་དུ་མི་འགྲོ་བའོ། ། ཁག་སོ་ལྔ་པ། 1.མཛའ་བོའི་ཁྱིམ་དང་སློང་མོ་སྟེར་བའི་ཁྱིམ་ཡོངས་སུ་འཛིན་པ་དང་། 2.རྙེད་པ་དང་བཀུར་སྟེ་ཡོངས་སུ་བཙལ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་འཆལ་པའི་ཚུལ་ཁྲིམས་ཡོངས་སུ་འཛིན་པ་དང་། 3.གནས་ཡོངས་སུ་འཛིན་པ་དང་། 4.ཚུལ་ཁྲིམས་དང་ལྡན་པ་ལ་ཞེ་སྡང་བས་ཡང་བའི་བྱ་བས་བཅིངས་པའོ། ། ཁག་སོ་དྲུག་པ། 1.བྱ་བ་མང་བ་དང་། 2.རྙེད་པ་མང་བ་དང་། 3.སྨྲ་བ་མང་བ་དང་། 4 བཤེས་པ་མང་བའོ། ། ཁག་སོ་བདུན་པ། 1.བདག་ལ་མངོན་པར་ཞེན་པས་བདག་ཏུ་ལྟ་བ་དང་། 2.སེམས་ཅན་ལ་མངོན་པར་ཞེན་པས་སེམས་ཅན་དུ་ལྟ་བ་དང་། 3.བྱ་བ་མ་ཡིན་པ་ལ་མངོན་པར་ཞེན་པས་ཆད་པར་ལྟ་བ་དང་། 4.སྲོག་དེ་དང་ལུས་དེ་ལ་མངོན་པར་ཞེན་པས་རྟག་པར་ལྟ་བའོ། ། ཁག་སོ་བརྒྱད་པ། 1.རྩོམ་པ་རྒྱུན་གཅོད་པ་དང་། 2.རྒྱུན་ཆད་པས་ཡང་དག་པར་རབ་ཏུ་མི་འཛིན་པ་དང་། 3.ཡང་དག་པར་རབ་ཏུ་མ་བཟུང་བས་ཡོངས་སུ་སྐྱོ་བ་དང་། 4.ཡོངས་སུ་སྐྱོ་བས་ལྡོག་ཅིང་འཇིགས་པའོ། ། ཁག་སོ་དགུ་པ། 1.ས་ནིས་སར་འཕར་བ་ལ་བརྙེས་པ་དང་། 2.བསམ་གཏན་ལས་ཟློག་པ་ལ་མི་མཁས་པ་དང་། 3.སེམས་ཅན་ལ་མི་ལྟ་བར་ཤེས་རབ་ཀྱིས་རྣམ་པར་དཔྱོད་པ་དང་། 4.དམིགས་པ་ཅན་དུ་གྱུར་ལ་ཐབས་ལ་ཁས་འཆེ་བའོ། ། ཁག་བཞི་བཅུ་པ། 1.ཆོས་ཀྱི་སྒྲིབ་པ་ཀུན་ནས་ལངས་པས་དམན་པ་དང་། 2.ལས་ཀྱི་སྒྲིབ་པ་ཀུན་ནས་ལངས་པས་དགེ་བའི་རྩ་བ་རྣམས་ལ་མི་བརྩོན་པ་དང་། 3.ཉོན་མོངས་པའི་སྒྲིབ་པ་ཀུན་ནས་ལངས་པས་ཕུང་པོ་གསུམ་གྱི་རྗེས་སུ་མི་འཇུག་པ་དང་། 4.བདུད་ཀྱི་ལས་ཀུན་ནས་ལངས་པས་བྱང་ཆུབ་ཀྱི་སེམས་བརྗེད་པའོ། ། |
Tibetan Source | 《མདོ་ན་པ་》ཤ་108ན་1ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |