3194
| Tibetan | དེ་བཞིན་གཤེགས་པ་མཐོང་བའི་ཆོས་བཞི། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། དཀོན་བརྩེགས་འཕགས་པ་དེས་པས་ཞུས་པའི་མདོ་ལས་བྱུང་བ་ལྟར་ན་ཁག་དྲུག་ཡོད་པ་སྟེ།
ཁག་དང་པོ། 1.ཡིད་ཆེས་པ། 2.དད་པ། 3.ཕངས་པར་འཛིན་པ། 4.གུས་པའོ། ། ཁག་གཉིས་པ། 1.དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཐོང་ན་བདག་ཀྱང་འདི་འདྲ་བར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཀྱང་ཆུབ་ཏུ་སེམས་བསྐྱེད་པ། 2.དེ་བཞིན་གཤེགས་པ་ནི་སླུ་བར་མི་མཛད་པའི་ཕྱིར་ལྷག་པའི་བསམ་པ་ཡོངས་སུ་དག་པར་སེམས་བསྐྱེད་པ། 3.སེམས་ཅན་ཐམས་ཅད་ལ་ཆོས་སྟོན་ཅིང་ཚེར་ན་རབ་ཏུ་གྲོལ་བར་བྱ་བའི་ཕྱིར་ཡང་སེམས་བསྐྱེད་པ། 4.དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱ་བའི་ཕྱིར་དམ་པའི་ཆོས་ཡོངས་སུ་གཟུང་བར་ཡང་སེམས་བསྐྱེད་པའོ། ། ཁག་གསུམ་པ། 1.གཟུགས་དབེན་པར་མ་ཐོང་བ། 2.ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དབེན་པར་མཐོང་བ། 3.ཁམས་བཞི་ནམ་མཁའ་དང་འདྲ་བར་མཐོང་བ། 4.སྐྱེ་མཆེད་གྲོང་སྟོང་པ་ལྟ་བུར་མཐོང་བའོ། ། ཁག་བཞི་པ། 1.བདག་མེད་པའི་ཕྱིར་བདག་རྣམ་པར་དག་པ། 2.སེམས་ཅན་མེད་པའི་ཕྱིར་སེམས་ཅན་རྣམ་པར་དག་པ། 3.སྲོག་མེད་པའི་ཕྱིར་སྲོག་རྣམ་པར་དག་པ། 4.གང་ཟག་མེད་པའི་ཕྱིར་གང་ཟག་རྣམ་པར་དག་པའོ། ། ཁག་ལྔ་པ། 1.ལྷའི་མིག་མངོན་པར་འདུ་བྱེད་པ་མེད་པ། 2.ཤེས་རབ་ཀྱི་མིག་ཀུན་ཏུ་སྤྱོད་པ། 3.ཆོས་ཀྱི་མིག་སོ་སོར་རྟོག་པ། 4.སངས་རྒྱས་ཀྱི་སྤྱན་རྗེས་སུ་རྟོགས་པར་བྱེད་པའོ། ། ཁག་དྲུག་པ། 1.ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ། 2.ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་དག་པ། 3.འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་ཕྱིར་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་དག་པ། 4.དེའི་རྣམ་པར་གྲོལ་བ་མཐོང་བའི་ཕྱིར་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་པའི་ཕུང་པོ་ཡོངས་སུ་དག་པའོ། ། |
| Tibetan Source | 《དཀོན་བརྩེགས་ཙ་པ་》ཤ་329བ་6ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |