3388

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བསྡུ་བའི་དངོས་པོ་བཞི།
Tibetan Alternate
Tibetan Definition དཀོན་བརྩེགས་ལེའུ་བཅུ་གཉིས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ལེའུ་ལས་བྱུང་བ་ཁག་བཅུ་གཉིས་ཡོད་པ་སྟེ།

ཁག་དང་པོ། 1.སྦྱིན་པ་ནི། ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ། ཆོས་ཀྱི་སྦྱིན་པ་སྟེ་དེ་ནི། སྦྱིན་པའོ། ། 2.སྙན་པར་སྨྲ་བ་ནི། སློང་བ་དང་། ཆོས་ཉན་པ་ལ་སྙན་པར་སྨྲ་བའོ། ། 3.དོན་བྱེད་པ་ནི། བདག་དང་། གཞན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའོ། ། 4.དོན་མཚུངས་པ་ནི། ཐེག་པ་གང་ལ་ཡོན་ཏན་དུ་འདུ་ཤེས་པའི་ཐེག་པ་དང་། ཆོས་དེ་དག་ལ་འཛིན་པར་བྱེད་པའི་སེམས་ཅན་རྣམས་གཞོག་པར་བྱེད་པའོ། ། ཀ་ཁག་གཉིས་པ། 1.སྦྱིན་པ་ནི། གང་སློང་བ་ལ་ཡིད་དང་བར་བྱེད་པའི་སྦྱིན་པའོ། ། 2.སྙན་པར་སྨྲ་བ་ནི། གང་སློང་བ་ལ་རིམ་གྲོ་བྱེད་པའོ། ། 3.དོན་བྱེད་པ་ནི། གང་གིས་སློང་བ་རྣམས་ཀྱི་དོན་དུ་འགྱུར་བའི་དོན་དེ་ཡོངས་སུ་ཐོབ་པར་བྱེད་པའོ། ། 4.དོན་མཚུངས་པ་ནི། གང་སློང་བ་ལ་དོན་མཚུངས་པའོ། ། ཁག་གསུམ་པ། 1.སྦྱིན་པ་ནི། བསམ་པས་བཏང་བའོ། ། 2.སྙན་པར་སྨྲ་བ་ནི། སྦྱོར་བ་ཡོངས་སུ་ཆད་པའོ། ། 3.དོན་བྱེད་པ་ནི། ལྷག་པའི་བསམ་པ་འགྱོད་པ་མེད་པའོ། ། 4.དོན་མཐུན་པ་ནི། ཐེག་པ་ཆེན་པོ་ལ་བསྔོ་བའོ། ། ཁག་བཞི་པ། 1.སྦྱིན་པ་ནི། བྱམས་པའི་རྗེས་སུ་ཞུགས་པའི་སེམས་ཀྱིས་བཏང་བའོ། ། 2.སྙན་པར་སྨྲ་བ་ནི། དགའ་ཞིང་རབ་ཏུ་དགའ་བ་ལ་ཞུགས་པའི་སེམས་མི་གཏོང་བའོ། ། 3.དོན་བྱེད་པ་ནི། སྙིང་རྗེ་ཆེན་པོའི་གོ་ཆ་བགོས་པའི་སེམས་ཀྱིས་སེམས་ཅན་གྱི་བྱ་བ་ལ་བརྩོན་པའོ། ། 4.དོན་མཐུན་པ་ནི། བཏང་སྙོམས་ལ་མཐོ་དམན་མེད་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བསྔོ་བའོ། ། ཁག་ལྔ་པ། 1.སྦྱིན་པ་ནི། གང་ཆོས་ཀྱིས་བཙལ་བའི་ལོངས་སྤྱོད་ཡོངས་སུ་གཏོང་བའོ། ། 2.སྙན་པར་སྨྲ་བ་ནི། གང་ལ་སྦྱིན་པར་བྱེད་པ་དེ་ཆོས་ལ་འཛུད་པའོ། ། 3.དོན་བྱེད་པ་ནི། གང་བདག་གི་དོན་དང་། གཞན་གྱི་དོན་ཡང་དག་པར་བསྐྱེད་པའོ། ། 4.དོན་མཐུན་པ་ནི། གང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའོ། ། ཁག་དྲུག་པ། 1.སྦྱིན་པ་ནི། གང་ནང་དང་། ཕྱིའི་ཆོས་རྣམས་ལ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། ། 2.སྙན་པར་སྨྲ་བ་ནི། གང་ཆོས་ཐམས་ཅད་ཀྱི་ཡོན་ཏེན་གྱི་ཡེ་ཤེས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པའོ། ། 3.དོན་བྱེད་པ་ནི། གང་གིས་དོན་བཏང་སྟེ་གཞན་གྱི་དོན་མྱོང་བར་བྱེད་པའོ། ། 4.དོན་མཐུན་པ་ནི། བྱང་ཆུབ་ལག་ཏུ་འོང་བ་ལ་བལྟས་ནས་གཞན་ལ་སྦྱིན་པ་ན་ཡིད་མི་བདེ་བར་མི་འགྱུར་བའོ། ཁག་བདུན་པ། 1.སྦྱིན་པ་ནི། གང་ཇི་ལྟར་ཆོས་ཐོས་པའི་དོན་རྣམས་སྟོན་པའོ། ། 2.སྙན་པར་སྨྲ་བ་ནི། གང་ཟང་ཟིང་མེད་པར་ཆོས་སྟོན་པའོ། ། 3.དོན་བྱེད་པ་ནི། གང་ཕ་རོལ་ལ་ལུང་འབོགས་པ་དང་། ཁ་ཏོན་བྱེད་པ་དང་། འཆད་པ་དང་། སྟོན་པ་ལ་སྐྱོ་བ་མེད་པའོ། ། 4.དོན་མཐུན་པ་ནི། གང་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར་ཆོས་ལ་འཛུད་པའོ། ། ཁག་བརྒྱུད་པ། 1.སྦྱིན་པ་ནི། ཆོས་ཉན་པར་འོངས་པ་རྣམས་ལ་མི་གཡེང་བར་སྟོན་པའོ། ། 2.སྙན་པར་སྨྲ་བ་ནི། གང་རྒྱང་རིང་པོར་སོང་སྟེ། དམ་པའི་ཆོས་སྟོན་པའོ། ། 3.དོན་བྱེད་པ་ནི། གང་ཆོས་འདོད་པས་ཆོས་སྨྲ་བ་རྣམས་ལ་གོས་དང་བྲལ་བར་གྱུར་ཏམ། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དང་བྲལ་བར་གྱུར་ཏམ། ཅི་དགོས་པར་གྱུར་པ་ཐམས་ཅད་སྦྱིན་པར་བྱེད་པའོ། ། 4.དོན་མཐུན་པ་ནི། ལྷག་པའི་བསམ་པར་ཞུགས་པའི་རྒྱུད་ཀྱིས་ཆོས་སྟོན་པའོ། ། ཁག་དགུ་པ། 1.སྦྱིན་པ་ནི། གང་སྦྱིན་པ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་ཤེས་ནས་ཆོས་སྦྱིན་པར་བྱེད་པའོ། ། 2.སྙན་པར་སྨྲ་བ་ནི། གང་ཕན་པའི་དངོས་པོའི་ཕྱིར་སྟོན་པའོ། ། 3.དོན་བྱེད་པ་ནི། གང་དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པའོ། ། 4.དོན་མཐུན་པ་ནི། གང་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྐང་བའི་ཕྱིར་ཆོས་སྟོན་པའོ། ། ཁག་བཅུ་པ། 1.སྦྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། ། 2.སྙན་པར་སྨྲ་བ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། ། 3.དོན་བྱེད་པ་ནི། གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། 4.དོན་མཐུན་པ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། ཁག་བཅུ་གཅིག་པ། 1.སྦྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་རྣམས་ཀྱིའོ། ། 2.སྙན་པར་སྨྲ་བ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་པ་རྣམས་ཀྱིའོ། ། 3.དོན་བྱེད་པ་ནི། གང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱིའོ། ། 4.དོན་མཐུན་པ་ནི། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱིའོ། ། ཁག་བཅུ་གཉིས་པ། 1.སྦྱིན་པ་ནི། བྱང་ཆུབ་ཀྱི་རྩ་བའི་གནས་སོ། ། 2.སྙན་པར་སྨྲ་བ་ནི། བྱང་ཆུབ་ཀྱི་མྱུ་གུ་ཡོངས་སུ་རྫོགས་པའོ། ། 3.དོན་བྱེད་པ་ནི། བྱང་ཆུབ་ཀྱི་མེ་ཏོག་ཡོངས་སུ་གྲུབ་པའོ། ། 4.དོན་མཐུན་པ་ནི། བྱང་ཆུབ་ཀྱི་འབྲས་བུ་མངོན་པར་གྲུབ་པའོ། །

Tibetan Source 《དཀོན་བརྩེགས་ག་པ་》ཤ358པ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number