3434

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྣམ་པར་བྱང་བའི་ཆོས་རྣམ་པ་བཞི།
Tibetan Alternate
Tibetan Definition དེ་ཡང་། མདོ་སྡེ་རྒྱུན་གྱི་འགྲེལ་བཤད་ལས་བྱུང་བ་སྟེ།

1.རང་བཞིན་གྱིས་རྣམ་པར་བྱང་བ་ནི། དེ་བཞིན་ཉིད་དོ། ། 2.དྲི་མ་མེད་པར་རྣམ་པར་བྱང་བ་ནི། དེ་བཞིན་ཉིད་དེ་ནམ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་དྲི་མ་གློ་བུར་དང་བྲལ་བར་གྱུར་པའོ། ། 3.དེ་ཐོབ་པའི་ལམ་རྣམ་པར་བྱང་བ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དོ། ། 4.དེ་སྐྱེད་པ་ལ་དམིགས་པའི་རྣམ་པར་བྱང་བ་ནི། ཐེག་པ་ཆེན་པོའི་ཆོས་བཤད་པ་ཐམས་ཅད་དང་དེ་ཉན་པ་དང་སེམས་པར་བྱེད་པའོ་ཞེས་བཤད་དོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་མི་པ་》11ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number