345

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དོན་དང་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་གཉིས།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ག་ཡཱ་མགོ་རིའི་རི་མདོ་ལས་བྱུང་བ་སྟེ།

1.དོན་གྱིས་རབ་ཏུ་ཕྱེ་བ་ནི། དོན་ནི་འདུས་མ་བྱས་པ་སྟེ། ཆོས་གང་དང་ཡང་ལྡན་པའམ་མི་ལྡན་པ་མ་ཡིན་པར་ཁོང་དུ་ཆུད་པའོ། །དེ་ཅིའི་ཕྱིར་ཞེ་ན། དོན་ནི་འགྱུར་བ་མེད་པའི་མཚན་ཉིད་ཡིན་ཏེ། དེ་ནི་ཆོས་གང་དང་ལྡན་པའམ་མི་ལྡན་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། ། དོན་ནི་གཟོད་མ་ནས་ཡོངས་སུ་གྲུབ་པ་མེད་པའི་ཕྱིར་ཆོས་གང་དང་ཡང་ལྡན་པའམ་མི་ལྡན་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། ། དོན་ནི་དོར་བ་མེད་པ་དང་གཞག་པ་མེད་པའི་ཕྱིར་ཆོས་གང་དང་ཡང་ལྡན་པའམ་མི་ལྡན་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། ། 2.ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ནི་ལམ་སྟེ། ལམ་ནི་སེམས་དང་ཡང་དག་པར་ལྡན་པ་ཡིན་གྱི་མི་ལྡན་པ་མ་ཡིན་ཏེ། དེའི་ཕྱིར་ཡེ་ཤེས་ནི་ལྡན་པ་ཞེས་བྱ་སྟེ། མི་ལྡན་པ་མ་ཡིན་ནོ། ། ཡེ་ཤེས་ནི་སྤོང་བ་དང་ཡང་དག་པར་ལྡན་པ་ཡིན་གྱི་མི་ལྡན་པ་མ་ཡིན་ཏེ། དེའི་ཕྱིར་ཡེ་ཤེས་ནི་ལྡན་པ་ཞེས་བྱ་སྟེ། མི་ལྡན་པ་མ་ཡིན་ནོ། ། ཡེ་ཤེས་ཞེས་བྱ་བ་ནི་ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་རྣམ་པར་དཔྱད་པ་ལ་མཁས་པ་སྟེ། དེའི་ཕྱིར་ཡེ་ཤེས་ནི་ལྡན་པ་ཞེས་བྱ་སྟེ། མི་ལྡན་པ་མ་ཡིན་ནོ། །

Tibetan Source 《མདོ་ཅ་པ་》ཤ་469ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number