3451

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྣལ་འབྱོར་རྣམ་པ་བཞི།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ།

1.དད་པ་ནི། དད་པ་རྣམ་པ་གཉིས་དང་གཞི་རྣམ་པ་གཉིས་ལས་དང་པོ། དད་པ་གཉིས་ནི། ། (1)མངོན་པར་ཡིད་ཆེས་པའི་རྣམ་པ། (2)རབ་ཏུ་དང་བའི་རྣམ་པའོ། ། གཉིས་པ་གཞི་རྣམ་པ་གཉིས་ནི། (1)ཆོས་དང་རིགས་པ་རྣམ་པར་དཔྱོད་པའི་གཞི། (2)གང་ཟག་གི་མཐུ་ལ་མོས་པའི་གཞིའོ། ། 2.འདུན་པ་ལ་རྣམ་པ་བཞི་སྟེ། (1)འཐོབ་པའི་ཕྱིར་འདུན་པ་ནི་འདི་ལྟར་འདི་ན་ལ་ལ་རྣམ་པར་ཐར་པ་གོང་མ་ལ་དགའ་བ་སྐྱེད་པར་བྱེད་པའོ་ཞེས་རྒྱས་པར་སྔར་བསྟན་པ་བཞིན་ནོ། ། (2)ཡོངས་སུ་འདྲི་བའི་ཕྱིར་འདུན་པ་ནི་འདི་ལྟར་འདི་ན་ལ་ལ་མ་ཐོས་པ་མཉན་པར་བྱ་བ་དང་། ཐོས་པ་ཡོངས་སུ་བྱང་བར་བྱ་བའི་ཕྱིར་ཀུན་དགའི་ར་བར་ཚངས་པར་མཚུངས་པར་སྤྱོད་པ་མཁས་པ་རྣལ་འབྱོར་ཤེས་པ་རྣམས་ཀྱི་དྲུང་དུ་འགྲོ་བར་དགའ་བ་སྐྱེད་པར་བྱེད་པའོ། ། (3)ཚོགས་ཡང་དག་པར་སྒྲུབ་པའི་ཕྱིར་འདུན་པ་ནི་འདི་ལྟར་འདི་ན་ལ་ལ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཟས་ཀྱི་ཚོད་རིག་པ་དང་། མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པ་དང་། ཤེས་བཞིན་དུ་སྤྱོད་པ་ཉིད་ལ་གོང་ནས་གོང་དུ་དགའ་བ་སྐྱེད་པར་བྱེད་པའོ། ། (4)རྗེས་སུ་བརྩོན་པའི་ཕྱིར་འདུན་པ་ནི་འདི་ལྟར་འདི་ན་ལ་ལ་རྟག་ཏུ་སྦྱོར་བ་དང་། གུས་པར་སྦྱོར་བ་དང་། ལམ་བསྒོམ་པ་ལ་དགའ་བ་སྐྱེད་པར་བྱེད་ཅིང་། འདོད་པ་དང་། བྱེད་འདོད་པའོ། ། 3.བརྩོན་འགྲུས་ལ་རྣམ་པ་བཞི་སྟེ། (1)མཉན་པའི་ཕྱིར་བརྩོན་པ་ནི། མ་ཐོས་པ་མཉན་པར་བྱེད་པ་དང་། ཐོས་པ་ཡོངས་སུ་བྱང་བར་བྱེད་པ་ན་སེམས་མངོན་པར་སྤྲོ་ཞིང་སྤྱོད་པ་མི་གཏོང་བ་གང་ཡིན་པའོ། ། (2)བསམ་པའི་ཕྱིར་བརྩོན་པ་ནི། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་གཅིག་པུ་དབེན་པར་སོང་སྟེ། སེམས་པར་བྱེད། འཇལ་བར་བྱེད། དེ་ཉེ་བར་རྟོག་པར་བྱེད་པ་ན། སེམས་མངོན་པར་སྤྲོ་ཞིང་སྦྱོར་བ་མི་གཏོང་བ་གང་ཡིན་པའོ། ། (3)བསྒོམ་པའི་ཕྱིར་བརྩོན་པ་ནི། ནང་དུ་ཡང་དག་འཇོག་ལ་ཞུགས་ཏེ། དུས་དུས་སུ་ཞི་གནས་དང་། ལྷག་མཐོང་སྒོམ་པར་བྱེད་པ་ན།་ སེམས་མངོན་པར་སྤྲོ་ཞིང་སྦྱོར་བ་མི་གཏོང་བ་གང་ཡིན་པའོ། ། (4)སྒྲིབ་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་བརྩོན་པ་ནི། ཉིན་མཚན་དུ་བརྩོན་པར་བྱེད་ཅིང་། འཆག་པ་དང་། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ན་སེམས་མངོན་པར་སྤྲོ་ཞིང་སྦྱོར་བ་མི་གཏོང་བ་གང་ཡིན་པའོ། ། 4.ཐབས་ལ་རྣམ་པ་བཞི་སྟེ། (1)ཚུལ་ཁྲིམས་ཀྱི་སྡོམ་པ་དང་། དབང་པོའི་སྡོམ་པའི་དབང་དུ་བྱས་ཏེ། དྲན་པ་ཉེ་བར་གཞག་པ། (2)དེ་ལྟར་དྲན་པ་ཉེ་བར་གཞག་པ་དེ་བག་ཡོད་པར་སེམས་ཀུན་ཏུ་བསྲུང་ཞིང་དགེ་བའི་ཆོས་རྣམས་ལ་བརྟེན་པར་བྱེད་པ། (3)དེ་ལྟར་བག་ཡོད་པར་གྱུར་པས་སེམས་ནང་དུ་ཞི་གནས་སུ་བྱ་བ་ལ་སྦྱོར་བ། (4)ལྷག་པའི་ཤེས་རབ་ཀྱི་ཆོས་རྣམ་པར་འབྱེད་པར་བྱེད་པའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཛི་པ་》ཤ་102བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number