3510
Tibetan | ཕན་པའི་དོན་བཞི་མཐོང་བས་ཆོས་ཀྱི་མཚན་ཉིད་ལ་བརྩོན་ཞིང་། མཚན་ཉིད་རྣམ་པར་འབྱེད་པར་མཁས་པའི་ཆོས་བཞི། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་འཇིག་རྟེན་འཛིན་གྱིས་བྲིས་པའི་མདོ་ལས་བྱུང་བ་ལྟར་ན་ཁག་བརྒྱུད་ཡོད་པ་སྟེ།
ཁག་དང་པོ། 1.དྲན་པ་ཡོངས་སུ་རྫོགས་པ་ཐོབ་པར་བྱ་བ། 2.དྲན་པ་རྒྱུན་མི་འཆད་པ་ཐོབ་པར་བྱ་བ། 3.ཤིན་ཏུ་བྱུང་བའི་ཤེས་རབ་ཀྱིས་གོང་ནས་གོང་དུ་འཕར་བ། 4.རྟག་ཏུ་དྲན་པའི་སེམས་དང་ལྡན་པའོ། ། ཁག་གཉིས་པ། 1.ཆོས་རྣམས་ཀྱི་ངེས་པའི་དོན་ལ་ཤིན་ཏུ་ཤེས་པར་བྱ་བ། 2.ཆོས་རྣམས་ཀྱི་དོན་ཤིན་ཏུ་ཤེས་པར་བྱ་བ། 3ཆོས་རྣམས་ཀྱི་རྒྱུ་དང་། རྐྱེན་རྣམ་པ་སྣ་ཚོགས་ཤིན་ཏུ་ཤེས་པར་བྱ་བ། 4.ཆོས་རྣམས་ཀྱི་ཡང་དག་པའི་སྒོར་འཇུག་པར་བྱ་བའོ། ། ཁག་གསུམ་པ། 1.ཚད་མེད་པའི་ཆོས་ཀྱི་མཚན་ཉིད་ཤིན་ཏུ་ཤེས་པར་བྱ་བ། 2.ཚད་མེད་པའི་ངེས་པའི་ཆོས་བསྒོམ་པ་ལ་ཤིན་ཏུ་མཁས་པར་བྱ་བ། 3.ཚད་མེད་པའི་ཡོན་ཏན་དང་སྤྱོད་པ་འཕེལ་ཞིང་སྐྱེ་བར་བྱ་བ། 4.ཆོས་རྣམས་ཀྱི་སྐྱེ་བ་དང་། འགག་པའི་མཚན་ཉིད་ཤེས་པ་དང་། མཐོང་བར་བྱ་བའོ། ། ཁག་བཞི་པ། 1.བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྙེན་པར་བྱ་བ། 2.བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མྱུར་དུ་ཡོངས་སུ་རྫོགས་པར་བྱ་བ། 3.ཆོས་རྣམས་ཀྱི་ཐབས་ལ་ཤིན་ཏུ་མཁས་པས་གཞན་གྱི་དྲིང་ལ་མི་འཇོག་པར་བྱ་བ། 4.ཡེ་ཤེས་དང་ཤེས་རབ་ཐམས་ཅད་ལ་ཤིན་ཏུ་མཁས་པར་བྱ་བའོ། ། ཁག་ལྔ་པ། 1.སེམས་ཅན་ལ་ཕན་པ་དང་། བདེ་བའི་ཕྱིར་སེམས་ལ་སེར་སྣའི་དྲི་མ་མེད་པ། 2.རྟག་ཏུ་ཚུལ་ཁྲིམས་རྣམ་པར་དག་པ། 3.བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདེ་བར་གནས་པས་བརྩོན་འགྲུས་སྤྱོད་པ་ལ་བར་ཆད་མེད་པ། 4.ཡང་དག་པར་ཡིད་ལ་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤིན་ཏུ་ནན་ཏན་བྱེད་པའོ། ། ཁག་དྲུག་པ། 1.སྨོན་ལམ་ཕུན་སུམ་ཚོགས་པ་ཤིན་ཏུ་དག་པ་དང་ལྡན་པ། 2.སྤྱོད་པའི་ནན་ཏན་ཕུན་སུམ་ཚོགས་པ་རྣམ་པར་དག་པ་དང་ལྡན་པ། 3.ཇི་མི་སྙམ་པའི་བཟོད་པའི་ཡོན་ཏན་ལ་བདེ་བར་གནས་པ། 4.ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་རྣམ་པར་འབྱེད་པའི་འོད་ཟེར་ཐོབ་པའོ། ། ཁག་བདུན་པ། 1.མོས་པ་ཆེན་པོས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོལ་བ། 2.བསམ་གཏན་དང་། རྣམ་པར་གྲོལ་བ་དང་། ཏིང་ངེ་འཛིན་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པས་མོས་པ་ཆེན་པོ་བསྐྱེད་པ། 3.བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཆེན་པོའི་སེམས་ཐོབ་པར་བྱ་བའི་ཕྱིར་རྣམ་པར་དག་པའི་སྤྱད་པ་སྤྱོད་པ་ལ་སྦྱོར་བ། 4.ངེས་པའི་དོན་ལ་ཤིན་ཏུ་ལེགས་པར་བསྒོམ་པའོ། ། ཁག་བརྒྱད་པ། 1.ཤེས་རབ་ཀྱི་སྤྱོད་ཡུལ་ཕུན་སུམ་ཚོགས་པ། 2.ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པར་དག་པ་ཚོལ་བ། 3.ཐོགས་པ་མེད་པའི་ཡེ་ཤེས་ལ་མོས་པ། 4.ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྨོན་ལམ་རྟག་ཏུ་མི་སྤོང་བའོ ། 《མདོ་ཕ་པ་》ཤ་13བ་4ལས་བཏུས། 722.1 ཕམ་པ་བཞི། འདི་ལ་ཁག་གསུམ་ཡོད་པ་སྟེ། སོ་སོར་ཐར་པའི་མདོ་ལས་བྱུང་ཞིང་། ཕམ་པ་བཞི་ཡི་སྡོམ་ནི། མི་ཚངས་སྤྱོད་དང་དངོས་པོ་རྐུ། ། མི་ལ་བསད་པར་མི་བྱ་བ། ། རྫུན་དུ་སྨྲ་དང་བཅས་པ་ཡི། ། ཆོས་བཞི་འདི་ནི་གསུངས་པ་ཡིན། ། ཞེས་སོ། ། 1.མི་གཙང་སྤྱོད་ནི། དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར། མི་གཙང་བར་སྤྱོད་པ་འཁྲིག་པ་ལས་བྱུང་བའི་ཆོས་བརྟེན་ན་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་དང་ལྷན་ཅིག་ཡང་རུང་སྟེ། དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱིས། གནས་པར་མི་བྱའོ། ། 2.མ་བྱིན་ལེན་ནི། དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པའམ། དགོན་པ་ན་འདུག་པ་མ་བྱིན་པ་ལེན་པ་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན་ཅི་ཙམ་མ་བྱིན་པར་བླངས་པ་དེ་རྒྱལ་པོའམ། བློན་པོ་ཆེན་པོས་བཟུང་ནས། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། ། བྱིས་པའོ། ། བླུན་པོའོ། ། རྐུ་བའོ་ཞེས་ཟེར་ཞིང་གསོད་དམ། འཆིང་ངམ། སྨྱུགས་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས། གནས་པར་མི་བྱའོ། ། 3.མི་གསོད་པ་ནི། དགེ་སློང་གང་མིའམ་མིར་ཆགས་པ་ལ་བསམ་བཞིན་དུ་རང་གི་ལག་གིས་སྲོག་བཅད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མཚོན་ཐོགས་པ་གཉེར་ཏམ། དེ་འཆིར་བཅུག་གམ། དེ་ལ་་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་འདི་སྐད་ཅེས་མི་ཁྱོད་འཚོ་བ་སྡིག་པ། མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ་སྟེ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བླའོ་ཞེས་ཟེར་ཞིང་། སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་རྩོམ་པ་དེས་དུས་བྱས་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས། གནས་པར་མི་བྱའོ། ། 4.རྫུན་དུ་སྨྲ་བ་ནི། དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ། མིའི་ཆོས་བླ་མ་མཐའ་དང་འཕགས་པ་དང་། བྱེ་བྲག་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་སྤྱོད་པ་མེད་ལ། མེད་བཞིན་དུ་འདི་ཤེས་སོ། ། འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས། དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་མི་ཤེས་པར་ཤེས་སོ་ཞེས་སྨྲས། མི་མཐོང་བ་མཐོང་ངོ་ཞེས་སྨྲས་ཏེ། གསོབ། གསོབ། རྫུན་དུ་སྨྲས་སོ་ཞེས་ཟེར་ན། མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས། གནས་པར་མི་བྱའོ། ། འདུལ་བ་རྣམ་འབྱེད་ལས་བྱུང་བ་ཕམ་པར་གྱུར་པ་ཡིན་ཞེས་བྱ་བ་ནི། དེ་མཐོའི་གྱུར་པ་དང་། ལྟུང་བ་དང་། དམན་པ་དང་། མཇུག་ན་འདུག་པ་དང་། ཐ་ཆད་དང་། ཡིད་དང་མི་མཐུན་པའོ། ། ཡང་གང་གིས་ལྟུང་བ་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར། དགེ་སྦྱོང་དུ་མི་རུང་། ཤཱཀྱའི་སྲས་ཀྱིར་མི་རུང་། དགེ་སྦྱོང་གི་དངོས་པོ་ལས་ཉམས་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་། ཉམས་པ། བཅོམ་པ། ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སློང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། ། |
Tibetan Source | 《འདུལ་བ་ཅ་པ་》ཤ་4བ་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |