3582

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བར་དོའི་ས་མཚམས་བཞི།
Tibetan Alternate
Tibetan Definition དེ་ཡང་། ཀློང་ཆེན་མཛོད་བདུན་གྱི་ཚིག་དོན་མཛོད་ལས་བྱུང་བ་སྟེ།

1.རང་བཞིན་བར་དོའི་དང་པོ་མའི་མངལ་ནས་འཐོན་ནས་ཐ་མ་འཆི་རྐྱེན་གྱི་ནད་བཏབ་པ་ལ་ཐུག་པ་ཚུན་ཆད་དོ། ། 2.འཆི་ཁའི་བར་དོའི་ས་མཚམས་ནི། འཆི་རྐྱེན་གྱི་ནད་ཐེབས་ནས་ནང་དབུགས་ཁྲོག་གི་ཆད་པ་ཚུན་ཆོད་དོ། ། 3.ཆོས་ཉིད་ཀྱི་བར་དོའི་ས་མཚམས་ནི། དབུགས་ཆད་ནས་སྐད་ཅིག་མ་ལ་འོད་གསལ་ཤར་བ་ནས་ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ཚུན་ཆད་དོ། ། 4.སྲིད་པའི་བར་དོའི་ས་མཚམས་ནི། ལྷུན་གྲུབ་ཐིམ་པ་ནས་ཡིད་ཀྱི་ལུས་ཅན་ཐོགས་མེད་རྒྱུ་བ་མའི་མངལ་དུ་ཚུད་པ་ཕྱིན་ཆད་དེ། མངལ་དུ་ཚུད་ནས་སྲིད་པ་ཕྱི་མའོ། །

Tibetan Source 《 ཀློང་ཆེན་མཛོད་བདུན་ག་པ་》ཤ་141ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number