3671

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྒྱུ་དང་འབྲས་བུར་བསྡུ་བ་བཞི།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་ལྟར་ན་ཁག་བཅུ་གཉིས་ཡོད་པ་སྟེ།

ཁག་དང་པོ། 1.སེམས་བསྐྱེད་པ་ནི། སྤྱོད་པ་དང་འབྲེལ་བའི་རྒྱུར་བལྟའོ། ། 2.སྤྱོད་པ་དང་འབྲེལ་བ་ནི། ཕྱིར་མི་ལྡོག་པའི་རྒྱུར་བལྟའོ། ། 3.ཕྱིར་མི་ལྡོག་པ་ནི། སྐྱེ་བ་གཅིག་གིས་ཐོགས་པའི་རྒྱུར་བལྟའོ། ། 4.སྐྱེ་བ་གཅིག་གིས་ཐོགས་པ་ནི། འབྲས་བུ་དང་འབྲེལ་བའི་རྒྱུར་བལྟའོ། ། ཁག་གཉིས་པ། 1.ས་བོན་བཏབ་པ་དེ་ལྟ་བུར་ནི་དང་པོ་སེམས་བསྐྱེད་པ་བལྟའོ། ། 2.ས་བོན་ལས་མྱུ་གུ་མངོན་པར་འགྲུབ་པ་དེ་ལྟ་བུར་ནི་སྤྱོད་པ་དང་འབྲེལ་བའི་སེམས་བསྐྱེད་པ་བལྟའོ། ། 3.སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་འབྱུང་བ་དེ་ལྟ་བུར་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་བལྟའོ། ། 4.འབྲས་བུ་ཡོངས་སུ་སྨིན་པ་དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་བལྟའོ། ། ཁག་གསུམ་པ། 1.ཤིང་རྟ་མཁན་ཤིང་བསྡུ་བ་ཤེས་པ་དེ་ལྟ་བུརནི་དང་པོ་སེམས་བསྐྱེད་པ་བལྟའོ། ། 2.ཤིང་རྟའི་ཡན་ལག་ཡོངས་སུ་སྦྱོང་བ་ཤེས་པ་དེ་ལྟ་བུར་ནི་སྤྱོད་པ་དང་འབྲེལ་བའི་སེམས་བསྐྱེད་པ་བལྟའོ། ། 3.ཤིང་རྟ་ཡན་ལག་འབྱོར་ཤེས་པ་དེ་ལྟ་བུར་ནི་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་བལྟའོ། ། 4.ཁལ་དགལ་བ་ཤེས་པ་དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་བལྟའོ། ། ཁག་བཞི་པ། 1.ཟླ་བ་ཚེས་པའི་དཀྱིལ་འཁོར་མངོན་པར་འགྲུབ་པ་དེ་ལྟ་བུར་ནི་དང་པོ་སེམས་བསྐྱེད་པ་བལྟའོ། ། 2.དཔེར་ན། ཚེས་ལྔ་དང་། དྲུག་དང་། བདུན་གྱི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤར་བ་དེ་ལྟ་བུར་ནི་སྤྱོད་པ་དང་འབྲེལ་པའི་སེམས་བསྐྱེད་པ་བལྟའོ། ། 3.དཔེར་ན། ཚེས་བཅུའི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤར་བ་དེ་ལྟ་བུར་ནི་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་བལྟའོ། ། 4.དཔེར་ན། ཚེས་བཅུ་བཞིའི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤར་བ་དེ་ལྟ་བུར་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་བལྟའོ། ། 5.དཔེར་ན། ཚེས་བཅོ་ལྔའི་ནུབ་མོ་ཟླ་བའི་དཀྱིལ་འཁོར་ཤར་བ་དེ་ལྟ་བུར་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་བལྟའོ། ། ཁག་ལྔ་པ། 1.སེམས་བསྐྱེད་པ་དང་པོ་ནི་ཉན་ཐོས་ཀྱི་ས་ལས་ཡང་དག་པར་འདའོ། ། 2.སེམས་བསྐྱེད་པ་གཉིས་པ་ནི་རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདའོ། ། 3.སེམས་བསྐྱེད་པ་གསུམ་པ་ནི་མ་ངེས་པའི་ས་ལས་ཡང་དག་པར་འདའོ། ། 4.སེམས་བསྐྱེད་པ་བཞི་པ་ནི་ངེས་པའི་ཕུང་པོ་ལ་གནས་སོ། ། ཁག་དྲུག་པ། 1.དང་པོ་སེམས་བསྐྱེད་པ་ནི་ཡི་གེའི་ཕྱི་མོ་འཛིན་པའི་ཚུལ་དུ་བལྟའོ། ། 2.དཔེར་ན། རྣམ་པར་དབྱེ་བ་རབ་ཏུ་རྣམ་པར་འབྱེད་པ་ཤེས་པ་དེ་ལྟ་བུར་ནི་སྤྱོད་པ་དང་འབྲེལ་བའི་སེམས་བསྐྱེད་པ་བལྟའོ། ། 3.དཔེར་ན། གྲངས་དང་། རྩིས་དང་། ཤོད་དགོད་པ་དེ་ལྟ་བུར་ནི་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་བལྟའོ། ། 4.བསྟན་བཅོས་རྣམས་ཁོང་དུ་ཆུད་པ་དེ་ནི་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་བསྐྱེད་པ་བལྟའོ། ། ཁག་བདུན་པ། 1.སེམས་བསྐྱེད་པ་དང་པོ་ནི་རྒྱུར་འབྲེལ་པའོ། ། 2.སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་དང་འབྲེལ་པའོ། ། 3.སེམས་བསྐྱེད་པ་གསུམ་པ་ནི་སྤོང་བ་དང་འབྲེལ་པའོ། ། 4.སེམས་བསྐྱེད་པ་བཞི་པ་ནི་འབྲས་བུ་དང་འབྲེལ་བའོ། ཁག་བརྒྱད་པ། 1.སེམས་བསྐྱེད་པ་དང་པོ་ནི་རྒྱུས་བསྡུས་པའོ། ། 2.སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་ཀྱིས་བསྡུས་པའོ། ། 3.སེམས་བསྐྱེད་གསུམ་པ་ནི་སྤོང་བས་བསྡུས་པའོ། ། 4.སེམས་བསྐྱེད་བཞི་པ་ནི་འབྲས་བུས་བསྡུས་པའོ། ། ཁག་དགུ་པ། 1.སེམས་བསྐྱེད་པ་དང་པོ་ནི་རྒྱུ་ལས་ཡང་དག་པར་བྱུང་བའོ། ། 2.སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་ལས་ཡང་དག་པར་བྱུང་བའོ། ། 3.སེམས་བསྐྱེད་པ་གསུམ་པ་ནི་སྤོང་བ་ལས་ཡང་དག་པར་བྱུང་བའོ། ། 4.སེམས་བསྐྱེད་པ་བཞི་པ་ནི་འབྲས་བུ་ལས་ཡང་དག་པར་བྱུང་བའོ། ། ཁག་བཅུ་པ། 1.སེམས་བསྐྱེད་པ་དང་པོ་ནི་རྒྱུ་རབ་ཏུ་དབྱེ་བའི་ཡན་ལག་གོ ། 2.སེམས་བསྐྱེད་པ་གཉིས་པ་ནི་ཡེ་ཤེས་རབ་ཏུ་དབྱེ་བའི་ཡན་ལག་གོ ། 3.སེམས་བསྐྱེད་པ་གསུམ་པ་ནི་སྤོང་བ་རབ་ཏུ་དབྱེ་བའི་ཡན་ལག་གོ ། 4.སེམས་བསྐྱེད་པ་བཞི་པ་ནི་འབྲས་བུ་རབ་ཏུ་དབྱེ་བའི་ཡན་ལག་གོ ། ཁག་བཅུ་གཅིག་པ། 1.སེམས་བསྐྱེད་པ་དང་པོ་ནི་སྨན་བསྡུ་བའི་ཚུལ་དུ་བལྟའོ། ། 2.སེམས་བསྐྱེད་པ་བགཉིས་པ་ནི་སྨན་རབ་ཏུ་དབྱེ་བ་ལ་མཁས་པའི་ཚུལ་དུ་བལྟའོ། ། 3.སེམས་བསྐྱེད་པ་གསུམ་པ་ནི་སྨན་སྦྱོར་བ་ལ་མཁས་པའི་ཚུལ་དུ་བལྟའོ། ། 4.སེམས་བསྐྱེད་པ་བཞི་པ་ནི་ནད་པ་གསོ་བ་ལ་མཁས་པའི་ཚུལ་དུ་བལྟའོ། ། ཁག་བཅུ་གཉིས་པ། 1.སེམས་བསྐྱེད་པ་དང་པོ་ནི་ཆོས་ཀྱི་རྒྱལ་པོའི་རིགས་ཀྱི་རྒྱུད་དུ་འབྱུང་བའི་ཚུལ་དུ་བལྟའོ། ། 2.སེམས་བསྐྱེད་པ་གཉིས་པ་ནི་ཆོས་ཀྱི་རྒྱལ་པོའི་རིགས་ཀྱི་རྒྱུད་ཀྱི་བསླབ་པ་ཡང་དག་པར་འཛིན་པའི་ཚུལ་དུ་བལྟའོ། ། 3.སེམས་བསྐྱེད་པ་གསུམ་པ་ནི་ཆོས་ཀྱི་རྒྱལ་པོའི་རིགས་ཀྱི་རྒྱུད་ཀྱི་བསླབ་པ་ཚར་ཕྱིན་པའི་ཚུལ་དུ་བལྟའོ། ། 4.སེམས་བསྐྱེད་པ་བཞི་པ་ནི་ཆོས་ཀྱི་རྒྱལ་པོའི་རིགས་ཀྱི་རྒྱུད་ཀྱི་བསླབ་པ་ལ་དབང་སྒྱུར་བའི་ཚུལ་དུ་བལྟའོ། །

Tibetan Source 《མདོ་ཅ་པ་》ཤ་465བ་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number