3685

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའི་རྒྱུན་བཞི།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ་ལས་བྱུང་བ་སྟེ།

1.བྱང་ཆུབ་སེམསས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྒྱན་ལ་དབྱེ་ན་བཅུ་ཡོད་པ་སྟེ། (1)ཚུལ་ཁྲིམས་ཀྱི་རྒྱན་གཅིག་ནི། སེམས་ཅན་ཐམས་ཅད་ལ་གནོད་པ་མི་བྱེད་པ་སྟེ། བྱང་ཆུབ་སེམས་དཔའ་ཞེ་སྡང་བའི་སེམས་མེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་དགའ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྒྱུན་གཅིག་གོ ། (2)ཚུལ་ཁྲིམས་ཀྱི་རྒྱན་གཉིས་ནི། [1]ངན་འགྲོའི་སྒོ་གཅོད་པ། [2]བདེ་འགྲོའི་སྒོ་འབྱེད་པའོ། ། (3)ཚུལ་ཁྲིམས་ཀྱི་རྒྱན་གསུམ་ནི། [1]ལུས་རྣམ་པར་དག་པ། [2]ངག་རྣམ་པར་དག་པ། [3]ཡིད་རྣམ་པར་དག་པའོ། ། (4)ཚུལ་ཁྲིམས་ཀྱི་རྒྱན་བཞི་ནི། [1]གང་འདོད་པ་དེ་འབྱོར་པ། [2]གང་སྨོན་པ་དེ་ཡང་དག་པར་གྲུབ་པ། [3]གང་འདོད་པ་དེ་ཐོབ་པ། [4]གང་རྩོམ་པ་དེ་ཉམས་འོག་ཏུ་ཆུད་པར་བྱེད་པའོ། ། (5)ཚུལ་ཁྲིམས་ཀྱི་རྒྱན་ལྔ་ནི། [1]ཚུལ་ཁྲིམས་དང་ལྡན་པའི་ཏིང་ངེ་འཛིན་སྒྱུ་མེད་པ་ཡིན། [2]ཤེས་རབ་སྒྱུ་མེད་པ་ཡིན། [3]རྣམ་པར་གྲོལ་བ་སྒྱུ་མེད་པ་ཡིན། [4]རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྒྱུ་མེད་པ་ཡིན། [5]ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བླ་ན་མེད་པ་སྒྱུ་མེད་པ་ཡིན་པའོ། ། (6)ཚུལ་ཁྲིམས་ཀྱི་རྒྱན་དྲུག་ནི། [1]ཡིད་ལ་ཆགས་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕྱིར་སྐྱོན་མེད་པའི་ཚུལ་ཁྲིམས། [2]ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་ཀྱི་ཕྱིར་ཉམས་པ་མེད་པའི་ཚུལ་ཁྲིམས། [3]འདྲེན་མ་མ་ཡིན་པའི་ཚུལ་ཁྲིམས་ཀྱི་ཕྱིར་འདྲེས་པ་མ་ཡིན་པའི་ཚུལ་ཁྲིམས། [4]དགེ་བའི་ཆོས་ཤིན་ཏུ་རྣམ་པར་འཕེལ་བའི་ཕྱིར་སྲ་སྲེ་མ་ཡིན་པའི་ཚུལ་ཁྲིམས། [5]གང་གིས་འདོད་པར་འགྲོ་བའི་ཚུལ་ཁྲིམས་ཀྱི་ཕྱིར་རང་དགའི་ཚུལ་ཁྲིམས། [6]གཞན་ལ་རག་མ་ལུས་པའི་ཤེས་པས་རང་གི་དབང་སྒྱུར་བའི་ཚུལ་ཁྲིམས་སོ། ། (7)ཚུལ་ཁྲིམས་ཀྱི་རྒྱན་བདུན་ནི། [1]ཚུལ་ཁྲིམས་དང་ལྡན་པའི་སྦྱིན་པ་རྣམ་པར་དག་པ། [2]བཟོད་པ་རྣམ་པར་དག་པ། [3]བརྩོན་འགྲུས་རྣམ་པར་དག་པ། [4]བསམ་གཏན་རྣམ་པར་དག་པ། [5]ཤེས་རབ་རྣམ་པར་དག་པ། [6]ཐབས་རྣམ་པར་དག་པ། [7]བག་ཡོད་པ་རྣམ་པར་དག་པ་དང་བདུན་ནོ། ། (8)ཚུལ་ཁྲིམས་ཀྱི་རྒྱན་བརྒྱད་ནི། [1] སྤོབས་པ་ཕུན་སུམ་ཚོགས་པ། [2]ས་ཕུན་སུམ་ཚོགས་པ། [3]རྣམ་པར་འཕྲོ་བ་མེད་པ་ཕུན་སུམ་ཚོགས་པ། [4]ལྷོད་པ་མེད་པ་ཕུན་སུམ་ཚོགས་པ། [5]འཁོན་དུ་འཛིན་པ་མེད་པ་ཕུན་སུམ་ཚོགས་པ། [6]སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་ཕུན་སུམ་ཚོགས་པ། [7]དལ་བ་ཕུན་སུམ་ཚོགས་པ། [8]དགེ་བའི་བཤེས་གཉེན་མགུ་བར་བྱེད་པ་ཕུན་སུམ་ཚོགས་པའོ། ། (9)ཚུལ་ཁྲིམས་ཀྱི་རྒྱན་དགུ་ནི། [1]འཇིགས་པ་མེད་པ་ཡིན། [2]སྐྲག་པ་མེད་པ་ཡིན། [3]བསམ་པ་ངེས་པ་ཡིན། [4]ཉེ་བར་ཞི་བ་ཡིན། [5]བསིལ་བ་ཡིན། [6]བཅིངས་པ་ལྷོད་པ་ཡིན། [7]སེམས་ལས་སུ་རུང་བ་ཡིན། [8]སེམས་ཅང་ཤེས་པ་ཡིན། [9]དུལ་བའི་ས་རྗེས་སུ་ཐོབ་པ་ཡིན་པའོ། ། (10)ཚུལ་ཁྲིམས་ཀྱི་རྒྱན་བཅུ་ནི། [1]མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པའི་ཕྱིར་ལུས་ཀྱི་རྒྱན། [2]ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའི་ཕྱིར་ངག་གི་རྒྱན། [3]ཉོན་མོངས་པ་མེད་པའི་ཕྱིར་སེམས་ཀྱི་རྒྱན། [4]སྨོན་ལམ་ཡོངས་སུ་རྫོགས་པའི་ཕྱིར་ཞིང་གི་རྒྱན། [5]བསམ་པ་ཡོངས་སུ་སྦྱོང་བའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རྒྱན། [6]སྡིག་པ་ཐམས་ཅད་མི་བྱེད་པའི་ཕྱིར་སྐྱེ་བའི་རྒྱན། [7]དེ་བཞིན་གཤེགས་པའི་སྤྱོད་པ་ལ་རྗེས་སུ་སློབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱན། [8]ང་རྒྱལ་མེད་པའི་ཕྱིར་ཤེས་པའི་རྒྱན། [9]དགེ་བའི་རྩ་བ་ཡོངས་སུ་བསྔོ་བའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོའི་རྒྱན། ། [10]ཚུལ་ཁྲིམས་ཀྱི་རྩ་བ་ལ་གནས་པ་མི་འདོར་བའི་ཕྱིར་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྒྱན་དང་བཅུའོ། ། 2.བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྒྱུན་ལ་དབྱེ་བ་བཅུ་ཡོད་པ་སྟེ། (1)ཏིང་ངེ་འཛིན་གྱི་རྒྱན་གཅིག་ནི། སེམས་ཅན་ཐམས་ཅད་ལ་བྱམས་པའོ། ། (2)ཏིང་ངེ་འཛིན་གྱི་རྒྱན་གཉིས་ནི། [1]དྲང་བ། [2]མ་ཉེན་པའོ། ། (3)ཏིང་ངེ་འཛིན་གྱི་རྒྱན་གསུམ་ནི། [1]སྒྱུ་མེད་པ། [2]གཡོ་མེད་པ། [3]བཅོས་མ་མེད་པའོ། ། (4)ཏིང་ངེ་འཛིན་གྱི་རྒྱན་བཞི་ནི། [1]འདུན་པས་འགྲོ་བ་མ་ཡིན་པར་མི་འགྲོ་བ། [2]ཞེ་སྡང་གིས་འགྲོ་བ་མ་ཡིན་པར་མི་འགྲོ་བ། [3]གཏི་མུག་གིས་འགྲོ་བ་མ་ཡིན་པར་མི་འགྲོ་བ། [4]འཇིགས་པས་འགྲོ་བ་མ་ཡིན་པར་མི་འགྲོ་བའོ། ། (5)ཏིང་ངེ་འཛིན་གྱི་རྒྱན་ལྔ་ནི། སྒྲིབ་པ་ལྔ་པོ་སྤོང་བ་སྟེ། [1]འདོད་པ་ལ་འདུན་པ། [2]གནོད་སེམས། [3]རྨུགས་པ་དང་གཉིད། [4]རྒོད་པ་དང་འགྱོད་པ། [5]ཐེ་ཚོམ། (6)ཏིང་ངེ་འཛིན་གྱི་རྒྱན་དྲུག་ནི། [1]སངས་རྒྱས་རྗེས་སུ་དྲན་པ། [2]ཆོས་རྗེས་སུ་དྲན་པ། [3]དགེ་འདུན་རྗེས་སུ་དྲན་པ། [4]གཏོང་བ་རྗེས་སུ་དྲན་པ། [5]ཚུལ་ཁྲིམས་རྗེས་སུ་དྲན་པ། [6]ལྷ་རྗེས་སུ་དྲན་པའོ། ། (7)ཏིང་ངེ་འཛིན་གྱི་རྒྱན་བདུན་ནི། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པ་སྟེ། [1]དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག [2]ཆོས་རབ་ཏུ་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག [3]བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག [4]དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག [5]ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག [6]ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག [7]བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ ། (8)ཏིང་ངེ་འཛིན་གྱི་རྒྱན་བརྒྱད་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་སྟེ། [1]ཡང་དག་པའི་ལྟ་བ། [2]ཡང་དག་པའི་རྟོག་པ། [3]ཡང་དག་པའི་ངག [4]ཡང་དག་པའི་ལས་ཀྱི་མཐའ། [5]ཡང་དག་པའི་འཚོ་བ། [6]ཡང་དག་པའི་རྩོལ་བ། [7]ཡང་དག་པའི་དྲན་པ། [8]ཡང་དག་པའི་ཏིང་ངེ་འཛིན་ནོ། ། (9)ཏིང་ངེ་འཛིན་གྱི་རྒྱན་དགུ་ནི། [1]འདི་ལ་བྱང་ཆུབ་སེམས་དཔའ་བརྗེད་པ་མེད་པའི་སེམས་ཀྱིས་སྙིང་རྗེ་ཆེན་པོའི་གནས་ལ་གནས་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་གནས་ནས་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནུས་སོ། ། [2]དེ་རྟོག་པ་དང་། དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ། ། [3]དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ་བཏང་སྙོམས་པའོ། ། ཞེས་བརྗོད་པ་། དགའ་བ་མེད་པ་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ། ། [4]དེ་བདེ་བའང་སྤང་སྟེ། སྔ་ནས་སྡུག་བསྔལ་བའང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བའང་ནུབ་པས་བདེ་བའང་མ་ཡིན། སྡུག་བསྔལ་བའང་མ་ཡིན་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་སོ། ། [5]དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ། ། སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། ། [6]དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་དག་པར་འདུས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ། སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། ། [7]དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅིའང་མེད་དོ་སྙམ་ནས་ཅིའང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། ། [8]དེ་རྣམ་པ་ཐམས་ཅད་དུ་ཅིའང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་མིན་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་སོ། ། [9]དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་ཀྱང་ཐབས་མཁས་པས་ཡང་དག་པའི་མཐའ་མངོན་སུམ་དུའང་མི་བྱེད་ལ་སྔོན་གྱི་བྱིན་རླབས་ཀྱིས་ཡང་དག་པར་གནས། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་པའོ། ། (10)ཏིང་ངེ་འཛིན་གྱི་རྒྱན་བཅུ་ནི། [1]མི་འཁྲུགས་པས་ངེས་པར་སེམས་པ། [2]ཞི་གནས་ཡོངས་སུ་རྫོགས་པར་བྱེད་པ། [3]མངོན་པར་བརྩོན་པ་མི་འདོར་བ། [4]ནང་དུ་ཡང་དག་འཇོག་སྦེད་པ། [5]དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། [6]སེམས་དབེན་པ། [7]ལུས་ཤིན་ཏུ་སྦྱངས་པ། [8]ཆོས་རྣམས་ལ་སེམས་ཤིང་འཇལ་ལ་སོ་སོར་རྟོག་པ། [9]སེམས་ལ་དབང་སྒྱུར་བ། [10]འཕགས་པའི་རིགས་ཐོབ་པའོ། ། 3.བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་རྒྱུན་ལ་དབྱེ་ན་བཅུ་ཡོད་པ་སྟེ། (1)ཤེས་རབ་ཀྱི་རྒྱན་གཅིག་ནི། ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པའོ། ། (2)ཤེས་རབ་ཀྱི་རྒྱན་གཉིས་ནི། [1]འགྱོད་པ་དང་བྲལ་བ། [2]ཀུན་ནས་སྣང་བ་དང་བྲལ་བའོ། ། (3) ཤེས་རབ་ཀྱི་རྒྱན་གསུམ་ནི། [1]གཏི་མུག་སྤོང་བ། [2]མ་རིག་པའི་སྒོ་ངའི་སྦུབས་ལེགས་པར་ངེས་པར་གཅོག་པ། [3]མུན་པ་མུན་ནག་སེལ་བའོ། ། (4)ཤེས་རབ་ཀྱི་རྒྱན་བཞི་ནི། [1]སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བའི་ཤེས་པ། [2]ཀུན་འབྱུང་བ་སྤང་བའི་སྣང་བ། [3]འགོག་པ་མངོན་སུམ་དུ་བྱ་བའི་མངོན་གསལ། [4]ལམ་སྒོམ་པའི་བྱིན་གྱི་རླབས་པའོ། ། (5)ཤེས་རབ་ཀྱི་རྒྱན་ལྔ་ནི། [1]དམིགས་པ་མེད་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ། [2]ཤེས་རབ་མཆོག་གིས་བསམ་གཏན་པ་ཡིན་པས་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་དག་པ། [3]གཉིས་དང་བྲལ་བས་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་དག་པ། [4]དུས་གསུམ་མཉམ་པ་ཉིད་པས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་དག་པ། [5]འདོད་ཆགས་དང་བྲལ་བའི་ཆོས་ཉིད་པས་ཆོས་ཀྱི་ཕུང་པོ་ཡོངས་སུ་དག་པའོ། ། (6)ཤེས་རབ་ཀྱི་རྒྱན་དྲུག་ནི། [1]འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། སྒྱུ་མ་དང་མཉམ་པ་ཉིད་པས་བདག་གི་འཁོར་ཡོངས་སུ་དག་པ་དང་། རྨི་ལམ་དང་མཉམ་པ་ཉིད་པས་སེམས་ཅན་གྱི་འཁོར་ཡོངས་སུ་དག་པ་དང་། རྣམ་པར་སྨིན་པ་ལ་རེ་བ་མེད་པས་བྱང་ཆུབ་ཀྱི་འཁོར་ཡོངས་སུ་དག་པའོ། ། [2]འཁོར་གསུམ་ཡོངས་སུ་དག་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཟུགས་བརྙན་ལྟ་བུའི་ཕྱིར་ལུས་ཀྱི་འཁོར་ཡོངས་སུ་དག་པ་དང་། བྲག་ཆ་ལྟ་བུའི་ཤེས་པས་ངག་གི་འཁོར་ཡོངས་སུ་དག་པ་དང་། སྒྱུ་མ་དང་མ་ཉམ་པ་ཉིད་པས་སེམས་ཀྱི་འཁོར་ཡོངས་སུ་དག་པའོ། ། [3]འཁོར་གསུམ་ཡོངས་སུ་དག་པའི་བཟོད་པའི་ཕ་རོལ་ཕྱིན་པ་ནི། ཉེས་པར་སྨྲས་པའི་ཚིག་རྣམས་ལ་ཁོང་ཁྲོ་བ་སྤོང་བ་ཡོངས་སུ་དག་པ་དང་། བསྟོད་པ་དང་། བསྔགས་པ་དང་། རྗེས་སུ་ཆགས་པ་སྤོང་བ་ཡོངས་སུ་དག་པ་དང་། ཡན་ལག་དང་ཉིང་ལག་གཅོད་པ་དག་ལ་ཆོས་ཀྱི་སྐུ་ལ་རབ་ཏུ་རྟོག་པ་ཡོངས་སུ་དག་པའོ། ། [4]འཁོར་གསུམ་ཡོངས་སུ་དག་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འཁོར་བ་རྨི་ལམ་ལྟ་བུར་མོས་པས་ཡོངས་སུ་མི་སྐྱོ་བ་ཡོངས་སུ་དག་པ་དང་། རྡོ་རྗེ་ལྟ་བུའི་བསམ་པས་བརྟན་པ་ཡོངས་སུ་དག་པ་དང་། མཚན་མ་ཐམས་ཅད་ལས་སྒྲོལ་བས་བླང་དུ་མེད་པ་དང་། དོར་བ་མེད་པ་ཡོངས་སུ་དག་པའོ། ། [5]འཁོར་གསུམ་ཡོངས་སུ་དག་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི། འགྱུར་བར་ཤེས་པས་དེ་ལ་མ་ཆགས་པ་ཡོངས་སུ་དག་པ་དང་། མངོན་པར་ཞེན་པ་མེད་པས་ལྷག་མཐོང་ཡོངས་སུ་དགུ་པ་མངོན་པར་ཤེས་པ་སྐྱེད་པས་དམིགས་པ་ཡོངས་སུ་དག་པའོ། ། [6]འཁོར་གསུམ་ཡོངས་སུ་དག་པའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་བསྡུ་བའི་དངོས་པོ་ཡོངས་སུ་དག་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པས་གཟུགས་ཡོངས་སུ་དགུ་པ། སངས་རྒྱས་ཀྱི་ཞིང་གི་རྒྱན་གྱི་ཕྱིར་སྨོན་ལམ་ཡོངས་སུ་དག་པའོ། ། (7)ཤེས་རབ་ཀྱི་རྒྱན་བདུན་ནི། [1]དྲན་པ་ཉེ་བར་གཞག་པ་རྣམས་ལ་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ། [2]ཡང་དག་པར་སྤོང་བ་རྣམས་ལ་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཤེས་པ། [3]རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ལུས་དང་སེམས་དབེན་པ། [4]དབང་པོ་རྣམས་ལ་དབང་པོ་ཡོངས་སུ་ཤེས་པ། [5]སྟོབས་རྣམས་ཀྱིས་བདུད་དང་ཉོན་མོངས་པ་ཐམས་ཅད་ཚར་གཅོད་པ། [6]བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད། ། [7]ལམ་རྣམས་ལ་འོང་བ་མེད་པ་དང་འགྲོ་བ་མེད་པར་ཤེས་པའོ། ། (8) ཤེས་རབ་ཀྱི་རྒྱན་བརྒྱད་ནི། [1]ཤིན་ཏུ་ཞི་བའི་ཕྱིར་ཞི་གནས་ཤེས་པ། [2]རབ་རིབ་དང་བྲལ་བའི་ཕྱིར་ལྷག་མཐོང་ཤེས་པ། [3]ཆོས་ཀྱི་ཕུང་པོ་རྗེས་སུ་རྟོགས་པའི་ཕྱིར་ཕུང་པོ་ཤེས་པ། [4]ནམ་མཁའི་ཁམས་དང་མཉམ་པ་ཉིད་ཀྱི་ཕྱིར་ཁམས་ཤེས་པ། [5]གྲོང་སྟོང་དང་མཉམ་པ་ཉིད་ཀྱི་ཕྱིར་སྐྱེ་མཆེད་ཤེས་པ། [6]བདག་མེད་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ། [7]མི་འཁྲུགས་པའི་ཕྱིར་བདེན་པ་ཤེས་པ། [8]ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་རྟོགས་པས་ཆོས་ཐམས་ཅད་ངེས་པར་རྟོགས་པ་ཤེས་པའོ། ། (9)ཤེས་རབ་ཀྱི་རྒྱན་དགུ་ནི། [1]སྔོན་གྱི་མཐའ་དག་པས་འདས་པ་ཤེས་པ། [2]ཕྱི་མའི་མཐའ་དག་པས་མ་འོངས་པ་ཤེས་པ། [3]བར་གྱི་མཐའ་དག་པས་ད་ལྟར་བྱུང་བ་ཤེས་པ། [4]རྒྱུ་ཆུད་མི་ཟ་བས་ངེས་པ་རྣམས་ཤེས་པ། [5]རྐྱེན་ཉེ་བར་སྒྲུབ་པས་མ་ངེས་པ་རྣམས་ཤེས་པ། [6]ཡོངས་སུ་སྨིན་པར་བྱེད་པས་ལོག་པ་ཉིད་དུ་ངེས་པ་རྣམས་ཤེས་པ། [7]ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ། [8]འདོད་ཆགས་དང་བྲལ་བའི་ཆོས་ཀྱི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ། [9]འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་འཕགས་པ་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པའོ། ། (10)ཤེས་རབ་ཀྱི་རྒྱན་བཅུ་ནི། [1]རྣམ་པར་སྒྲུབ་པའི་མཚན་ཉིད་ཀྱི་ཕྱིར་སྒྱུ་མ་ལྟ་བུར་ཤེས་པ། [2]ཡོངས་སུ་རྟོག་པའི་མཚན་ཉིད་ཀྱི་ཕྱིར་རྨི་ལམ་ལྟ་བུར་ཤེས་པ། [3]རྣམ་པར་འཕྲུལ་པའི་མཚན་ཉིད་ཀྱི་ཕྱིར་སྨིག་རྒྱུ་ལྟ་བུར་ཤེས་པ། [4]འཕོ་བ་མེད་པའི་མཚན་ཉིད་ཀྱི་ཕྱིར་གཟུགས་བརྙན་ལྟ་བུར་ཤེས་པ། [5]འདུ་འཕྲོད་ཀྱི་མཚན་ཉིད་ཀྱི་ཕྱིར་མིག་ཡོར་ལྟ་བུར་ཤེས་པ། [6]རྐྱེན་གྱི་མཚན་ཉིད་ཀྱི་ཕྱིར་བྲག་ཆ་ལྟ་བུར་ཤེས་པ། [7]ཆོས་ཀྱི་དབྱིངས་འདྲེས་པ་མེད་པའི་མཚན་ཉིད་ཤེས་པ། [8]དེ་བཞིན་ཉིད་གནས་མེད་པའི་མཚན་ཉིད་དུ་ཤེས་པ། [9]ཡང་དག་པའི་མཐའ་མི་འཁྲུགས་པའི་མཚན་ཉིད་དུ་ཤེས་པ། [10]འདུས་བྱས་དག་འདུས་མ་བྱས་ཀྱི་མཚན་ཉིད་དུ་ཤེས་པའོ། ། 4.བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུངས་ཀྱི་རྒྱུན་ལ་དབྱེ་ན་བཅུ་ཡོད་པ་སྟེ། (1)གཟུངས་ཀྱི་རྒྱན་གཅིག་ནི། དྲན་པ་བརྗེད་པ་མེད་པ་འོ། ། (2)གཟུངས་ཀྱི་རྒྱན་གཉིས་ནི། [1]ཀུན་ཏུ་འཛིན་པ། [2]འཛིན་པའོ། ། (3)གཟུངས་ཀྱི་རྒྱན་གསུམ་ནི། [1]དོན་ལ་མཁས་པ། [2]ཚིག་འབྲུ་ལ་མཁས་པ། [3]ངེས་པའི་ཚིག་ལ་མཁས་པའོ། ། (4)གཟུངས་ཀྱི་རྒྱན་བཞི་ནི། [1] གས་པ་མེད་པའི་ཚིག [2]རྩུབ་པ་མ་ཡིན་པའི་ཚིག [3]རབ་ཏུ་གྲོལ་བའི་ཚིག [4]རྫུན་པ་མེད་པའི་ཚིག་གོ ། (5)གཟུངས་ཀྱི་རྒྱན་ལྔ་ནི། [1]ཐོས་པ་ཐམས་ཅད་ཀྱི་ནང་ནས་དོན་ལ་རྟོན་པ། [2]ཡི་གེའི་ཚོགས་ཐམས་ཅད་ཀྱི་ནང་ནས་ཡེ་ཤེས་ལ་རྟོན་པ། [3]མདོ་སྡེ་ཐམས་ཅད་ཀྱི་ནང་ནས་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ། [4]གང་ཟག་གི་སྒྲ་ཐམས་ཅད་ཀྱི་ནང་ནས་ཆོས་ཉིད་ལ་རྟོན་པ། [5]འཇིག་རྟེན་ཐམས་ཅད་ལས་འཇིག་རྟེན་ལས་འདས་པ་ལ་རྟོན་པའོ། ། (6)གཟུངས་ཀྱི་རྒྱན་དྲུག་ནི། [1]ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ། [2]བདེན་པའི་རྗེས་སུ་མཐུན་པའི་ཚིག་རབ་ཏུ་ཐོབ་པ། [3]ང་རྒྱལ་མེད་པས་གཟུང་བར་འོས་པའི་ཚིག་དང་། གཡོ་མེད་པས་བླང་བར་འོས་པའི་ཚིག [4]སྙིང་རྗེ་ཆེན་པོ་ལ་སྦྱོར་བས་འབྲས་བུ་ཡོད་པའི་ཆོས་སྟོན་པ། [5]སྣོད་ལ་མཁས་པས་ཕྱེད་པར་ཆོས་སྟོན་པ། [6]འཇིག་རྟེན་ཤེས་པས་དུས་སུ་སྟོན་པའོ། ། (7)གཟུངས་ཀྱི་རྒྱན་བདུན་ནི། [1]མགྱོགས་པའི་སྤོབས་པ། [2]ཤུགས་ཅན་གྱི་སྤོབས་པ། [3]མྱུར་བའི་སྤོབས་པ། [4]ཆགས་པ་མེད་པའི་སྤོབས་པ། [5]རྒྱུན་ཆད་པ་མེད་པའི་སྤོབས་པ། [6]འཁྲུལ་པ་མེད་པའི་སྤོབས་པ། [7]ཤིན་ཏུ་ངེས་པའི་ཚིག་གི་སྤོབས་པའོ། ། (8)གཟུངས་ཀྱི་རྒྱན་བརྒྱད་ནི། [1]ལྷའི་སྐད་ཤེས་པ། [2]ཀླུའི་སྐད་ཤེས་པ། [3]གནོད་སྦྱིན་གྱི་སྐད་ཤེས་པ། [4]དྲི་ཟའི་སྐད་ཤེས་པ། [5]ལྷ་མ་ཡིན་གྱི་སྐད་ཤེས་པ། [6]ནམ་མཁའ་ལྡིང་གི་སྐད་ཤེས་པ། [7]མིའམ་ཅིའི་སྐད་ཤེས་པ། [8]ལྟོ་འཕྱེ་ཆེན་པོའི་བར་གྱི་སྐད་ཤེས་པ་ནས་སེམས་ཅན་ཐམས་ཅད་ཀྱི་བར་གྱི་སྐད་ཤེས་པའོ། ། (9)གཟུངས་ཀྱི་རྒྱན་དགུ་ནི། [1]འཁོར་གྱི་ནང་དུ་སྤ་གོང་བ་མེད་པ། [2]སྨྲ་བའི་ནང་དུ་ཞུམ་པ་མེད་པ། [3]ཆོས་བཤད་པའི་ནང་དུ་འཇིགས་པ་མེད་པ། [4]འདྲི་བ་རྣམས་ལ་ངེས་པར་འབྱུང་བ་ཤེས་པ། [5]མངོན་པའི་ང་རྒྱལ་ཅན་རྣམས་ལ་སྦྲེལ་ཞི་བསྟན་པ་ཤེས་པ། [6]ཡང་དག་པར་ཞུགས་པ་རྣམས་ལ་རྗེས་སུ་མཐུན་པ་བསྟན་པ་ཤེས་པ། [7]ཁེངས་པ་རྣམས་ལ་ལག་ན་རྡོ་རྗེ་སྟོན་པ། [8]མངོན་པར་ཆགས་པ་རྣམས་ལ་སྲེག་པའི་བསྐལ་པ་སྟོན་པ། [9]ཡོངས་སུ་སྨིན་པ་རྣམས་ལ་ཐེག་པའི་རིམ་པ་ཇི་ལྟ་བ་བཞིན་དུ་སྟོན་པའོ། ། (10)གཟུངས་ཀྱི་རྒྱན་བཅུ་ནི། [1]དོགས་པ་ཐམས་ཅད་ལ་ཐེ་ཚོམ་མེད་པར་སྟོན་པ་ཤེས་པ། [2]བློའི་ཆོས་སྐྱེ་བའི་སྒོ། [3]ཤེས་རབ་ཀྱི་སྣང་བ་གཞན་ལ་ལྷག་མ་མ་ལུས་པ། [4]ཡི་གེ་བསྟན་པ་མི་ཟད་པ། [5]དོན་བསྟན་པ་རྒྱུན་ཆད་པ་མེད་པ། [6]སངས་རྒྱས་ཀྱི་བསྔགས་པ་མཐའ་ཡས་པ་ཡང་དག་པར་རབ་ཏུ་བརྗོད་པ། [7]ཀུན་ནས་ཉོན་མོངས་པའི་སྐྱོན་མུ་མེད་པར་བརྗོད་པ། [8]རྣམ་པར་བྱང་བའི་བསྔགས་པ་ཚད་མེད་པ་སྟོན་པ། [9]དབང་པོ་ཐམས་ཅད་ལ་གཞོལ་བར་འཇུག་པ་ཆགས་པ་མེད་པ། [10]སངས་རྒྱས་ཀྱིས་གནང་བའི་སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་ཤེས་པའོ། །

Tibetan Source 《མདོ་ད་པ་》ཤ་182 བ་3 ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number