3826
Tibetan | མི་སྐྱེ་བའི་ཆོས་ལ་བཟོད་པ་མྱུར་དུ་ཐོབ་པའི་ཆོས་བཞི། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་བྱུང་བ་ལྟར་ན་ཁག་དྲུག་ཡོད་པ་སྟེ།
ཁག་དང་པོ། 1.ལུས་ལ་གཟུགས་བརྙན་དང་འདྲ་བར་མོས་པ། 2.ངག་ལ་དྲག་ཆ་དང་འདྲ་བར་མོས་པ། 3.སེམས་ལ་སྒྱུ་མ་དང་འདྲ་བར་མོས་པ། 4.ཆོས་ཐམས་ཅད་ལ་མི་ཟད་པའི་ཆོས་ཉིད་དུ་མོས་པའོ། ། ཁག་གཉིས་པ། 1.སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་ཡང་བྱེད་ལ་སེམས་ཅན་དུ་འདུ་ཤེས་པའང་མེད་པ། 2.ཆོས་ཐམས་ཅད་ལ་སྟོང་པ་དང་། མི་རྟག་པར་ཡང་མོས་པར་བྱེད་ལ་གཞིར་ཡང་མི་བྱེད་པ། 3.སངས་རྒྱས་ཐམས་ཅད་ཀྱང་མཐོང་ལ་ཤའི་མིག་ལའང་མངོན་པར་ཞེན་པ་མེད་པ། 4.སེམས་རབ་ཏུ་རྣམ་པར་འབྱེད་པ་ལའང་མཁས་ལ་སེམས་ཀྱང་སེམས་ལ་གཏོད་པར་མི་བྱེད་པའོ། ། ཁག་གསུམ་པ། 1.ལྟ་བ་སྤང་བའི་ཕྱིར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ། 2.ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བའི་ཕྱིར་ཚུལ་ཁྲིམས་ཡོངས་སུ་དག་པ། 3.ཆོས་ཀྱིས་ལྷག་པའི་ཕྱིར་བཟོད་པའི་སྟོབས་དང་ལྡན་པ། 4.དབེན་པའི་ཆོས་ཀྱིས་རྣམ་པར་གྲོལ་བའི་ཕྱིར་བརྩོན་འགྲུས་བརྩམས་པའོ། ། ཁག་བཞི་པ། 1.བསམ་གཏན་ཡང་ཐོབ་ལ་བསམ་གཏན་ལའང་མི་རྟེན་པ། 2.ཤེས་རབ་ཀྱིས་ཀྱང་རྣམ་པར་བརྟགས་ལ་སྤྲོས་པའང་མེད་པ། 3.ཐབས་ལ་མཁས་པའང་རབ་ཏུ་འཛིན་ལ་སེམས་ཅན་ཡང་སྡུད་པ། 4.སྤྱོད་པ་ཐམས་ཅད་ལའང་གེགས་མེད་ལ་སྤྱོད་པའང་ཁོང་དུ་ཆུད་པར་བྱེད་པའོ། ། ཁག་ལྔ་པ། 1.བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ། 2.སྙིང་རྗེ་ཆེན་པོས་འཁོར་བ་ལས་ཡོངས་སུ་མི་སྐྱོ་བ། 3.དགའ་བ་ཆེན་པོས་ཆོས་ལ་དགའ་ཞིང་མཆོག་ཏུ་དགའ་བ། 4.བཏང་སྙོམས་ཆེན་པོས་རྗེས་སུ་ཆོགས་པ་དང་། ཁོང་ཁྲོ་བ་སྤོང་བའོ། ། ཁག་དྲུག་པ། 1.རྣམ་པར་ཐར་པའི་སྒོ་གསུམ་མངོན་དུ་བྱེད་པ། 2.དུས་གསུམ་ཡོངས་སུ་ཤེས་པ། 3.ཁམས་གསུམ་ལས་ཡང་དག་པར་འདའ་བ། 4.ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་ལ་ཡིད་ཆེས་པའོ། ། |
Tibetan Source | 《མདོ་ཐ་པ་》ཤ་150ན་5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |