3999

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མཚུངས་པ་རྣམ་པ་བཞི།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་བྱུང་བ་སྟེ།

1.ཡི་གེ་མཚུངས་པ་ནི། ཡི་གེ་གང་གིས་ངའི་མིང་སངས་རྒྱས་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡི་གེའང་ཡི་གེ་དེ་ཉིད་དེ། ཡི་གེ་དེ་དག་ཀྱང་ཡི་གེའི་རང་བཞིན་དུ་བྱེ་བྲག་མེད་པས་དེ་ནི་ཡི་གེ་མཚུངས་པ་ཡིན་ནོ། ། 2.དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་མཚུངས་པ་ནི། ངའི་གསུང་གི་རྣམ་པར་རྟོག་པའང་རྣམ་པ་དྲུག་ཅུ་རྩ་བཞི་པ་ཚངས་པའི་སྒྲ་སྐད་ཀྱི་དབྱངས་འབྱུང་ངོ་། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་གསུང་གི་རྣམ་པར་རྟོག་པའང་དེ་བཞིན་དུ་རྣམ་པ་དྲུག་ཅུ་རྩ་བཞི་པོ་ཚངས་པའི་སྒྲ་སྐད་ཀྱི་དབྱངས་འབྱུང་སྟེ། ཀ་ལ་པིང་ཀ་དང་། ཚངས་པའི་སྐད་ཀྱི་དབྱངས་ཀྱི་རང་བཞིན་དུ་བྱེ་བྲག་མེད་ཅིང་ལྷག་ཆད་མེད་དོ། ། 3.སྐུ་མཚུངས་པ་ནི། ང་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་ནི་ཆོས་ཀྱི་སྐུ་དང་། གཟུགས་དང་། མཚན་དང་དཔེ་བྱད་བཟང་པོའི་སྐུར་མཚུངས་ཤིང་བྱེ་བྲག་མེད་དེ། འདུལ་བའི་དབང་གིས་སེམས་ཅན་གྱི་འགྲོ་བའི་བྱེ་བྲག་དེ་དང་དེར་དེ་བཞིན་གཤེགས་པ་རྣམས་གཟུགས་སྣ་ཚོགས་སྟོན་པ་ནི་མ་གཏོགས་སོ། ། 4.ཆོས་མཚུངས་པ་ནི། དེ་དག་དང་ང་ནི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ཐུགས་སུ་ཆུད་པ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཚུངས་པ་རྣམ་པ་བཞི་པོ་དེ་དག་ལ་དགོངས་ནས་འཁོར་གྱི་ནང་དུ་གཤེགས་ན་ཚིག་འབྱིན་ཏོ། །

Tibetan Source 《མདོ་ཅ་པ་》ཤ་177བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number