4001

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མཚུངས་པ་རྣམ་པ་བཞི།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་ཁག་གཅིག་སྟེ། 1.ཡི་གེ་མཚུངས་པ་ནི། ཡི་གེ་གང་གིས་ངའི་(པཅོམ་ལྡན་འདས་)མིང་སངས་རྒྱས་ཞེས་བརྗོད་པའི་ཡི་གེ་དེས་སངས་རྒྱས་ཐམས་ཅད་ཀྱང་བརྗོད་པས། ཡི་གེ་དེ་དག་གི་རང་བཞིན་བྱེ་བྲག་མེད་པས་ན་དེ་ནི་ཡི་གེ་མཚུངས་པ་ཞེས་བྱའོ། ། 2.གསུང་མཚུངས་པ་ནི། ངའི་གསུང་རྣམ་པ་དྲུག་ཅུ་རྩ་བཞི་ཚངས་པའི་སྒྲ་སྐད་ཀྱི་དབྱངས་ཀྱི་མཚན་ཉིད་དུ་འབྱུང་ངོ་། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་གསུང་ཡང་དེ་བཞིན་དུ་རྣམ་པ་དྲུག་ཅུ་རྩ་བཞི་ཚངས་པའི་སྒྲ་སྐད་ཀྱི་དབྱངས་ཀྱི་མཚན་ཉིད་དུ་འབྱུང་སྟེ། ཀ་ལ་པིངྐ་དང་། ཚངས་པའི་སྒྲ་སྐད་ཀྱི་དབྱངས་ཀྱི་རང་བཞིན་དུ་བྱེ་བྲག་མེད་ཅིང་ལྷག་ཆད་མེད་དོ། ། 3.སྐུ་མཚུངས་པ་ནི། ང་དང་སངས་རྒྱས་ཐམས་ཅད་ནི་ཆོས་ཀྱི་སྐུ་དང་། གཟུགས་དང་། མཚན་དང་། དཔེ་བྱད་བཟང་པོའི་སྐུར་མཚུངས་ཤིང་བྱེ་བྲག་མེད་དེ། འགྲོ་བའི་བྱེ་བྲག་སེམས་ཅན་དེ་དང་དེ་དག་གདུལ་བའི་ཕྱིར་གཟུགས་ཐ་དད་པ་སྟོན་པ་ནི་མ་གཏོགས་ཏེ། དེ་ནི་སྐུ་མཚུངས་པ་ཞེས་བྱའོ། ། 4.ཆོས་མཚུངས་པ་ནི། ང་དང་སངས་རྒྱས་དེ་དག་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐུགས་སུ་ཆུད་དེ། སངས་རྒྱས་ཀྱི་ཆོས་རྣམས་དང་། སྒྲིབ་པ་མེད་པའི་ཡེ་ཤེས་མདོར་བསྡུས་ཏེ་བསྟན་པ་དེ་ནི་མཚུངས་པ་རྣམ་པ་བཞི་ཞེས་བྱ་སྟེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཁོར་གྱི་ནང་དུ་དེ་སྐུད་ཅེས་གསུང་ངོ་། ། (སྐབས་འདིར་འགྲེལ་པའི་སྐབས་ཆོས་མཚུངས་པའི་གོང་དུ་སྐུ་མཚུངས་པ་གསུང་ས་པ་གཞིར་བཞག་པ།)

Tibetan Source 《མདོ་ཅ་པ་》ཤ་389བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number