4014
Jump to navigation
Jump to search
| Tibetan | རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་ཆོས་བཞི། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་ཁག་བཞི་ཡོད་པ་སྟེ།
ཁག་དང་པོ། 1.སྔོན་གྱི་མཐའ་དབེན་པ། 2.ཕྱི་མའི་མཐའ་མི་འཕོ་བ། 3.ད་ལྟར་བྱུང་བ་འཇིག་པར་ཤེས་པ། 4.དུས་གསུམ་མཉམ་པ་ཉིད་དོ། ། ཁག་གཉིས་པ། 1.ལུས་དབེན་པ། 2.སེམས་དབེན་པ། 3.ཆོས་དབེན་པ། 4.ལས་དབེན་པའོ། ། ཁག་གསུམ་པ། 1.སངས་རྒྱས་ལ་ཆོས་ཉིད་དུ་མཐོང་གི། གཟུགས་སུ་མ་ཡིན་པ། 2.ཆོས་ལ་འདོད་ཆགས་དང་བྲལ་བར་མཐོང་གི། ངེས་པའི་ཚིག་ཏུ་མ་ཡིན་པ། 3.དགེ་འདུན་ལ་འདུས་མ་བྱས་སུ་མཐོང་གི། ཚོགས་སུ་མ་ཡིན་པ། 4.ཤེས་རབ་ཀྱི་མིག་ཡོངས་སུ་དག་པར་འགྱུར་བའོ། ། ཁག་བཞི་པ། 1.བསྡུ་བའི་དངོས་པོ་མི་གཏོང་བས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ། 2.ཐབས་ཤེས་པ་ལ་མཁས་པ། 3.སེམས་ཅན་མེད་པར་རྣམ་པར་དཔྱོད་པ། 4.སྙིང་རྗེ་ཆེན་པོའོ། ། |
| Tibetan Source | 《མདོ་ང་པ་》ཤ་439ན་5ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |