4125
Jump to navigation
Jump to search
| Tibetan | ཡང་དག་པར་སྤོང་བ་བཞི། |
|---|---|
| Tibetan Alternate | |
| Tibetan Definition | འདི་ལ་ཁག་གཉིས་ཡོད་པ་སྟེ།
དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་ཁག་གཅིག་སྟེ། 1.དེ་ལ་དགེ་སློང་སྡིག་པ་མི་དགེ་བའི་ལས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་དེ་བརྩོན་འགྲུས་རྩོམ་པ་ལ་སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ། 2.སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་དྲན་པ་སྐྱེད་ཅིང་འབད་དེ་བརྩོན་འགྲུས་རྩོམ་ལ་སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ། 3.དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་ཅིང་འབད་དེ་བརྩོན་འགྲུས་རྩོམ་ལ་སེམས་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ། 4.དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། ཉམས་པར་མི་འགྱུར་བ་དང་། ཕྱིར་ཞིང་འབྱུང་བ་དང་། རྒྱས་པ་དང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་དེ་བརྩོན་འགྲུས་རྩོམ་ལ་སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་སྟེ། འདི་དག་ནི་ཡང་དག་པར་སྤོང་བའོ། ། |
| Tibetan Source | 《མདོ་ལ་པ་》ཤ་275ན་2ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |