4147

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཡུལ་ཡང་འབྱོར་ལ་བག་ཡོད་པའང་མི་འདོར་བའི་ཆོས་བཞི།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ།

1.མི་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཁོར་ལོས་བསྒྱུར་བའི་རྒྱལ་པོར་ཡང་གྱུར་ལ་འདུ་བྱེད་མི་རྟག་པར་སོ་སོར་རྟོག་པས་ཡུལ་འབྱོར་ཡང་བག་མེད་པར་མི་འགྱུར་བ། 2.ལྷ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དུའང་གྱུར་ལ་འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་སོ་ སོར་རྟོག་པས་ཡུལ་འབྱོར་ཡང་བག་མེད་པར་མི་འགྱུར་བ། 3.བདུད་ཀྱི་རིས་ཀྱི་ལྷ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བདུད་ཉིད་དུའང་ཉེ་བར་སྟོན་ལ་ཆོས་ལ་བདག་མེད་པར་སོ་སོར་རྟོག་པས་ཡུལ་འབྱོར་ཡང་བག་མེད་པར་མི་འགྱུར་བ། 4.ཚངས་རིས་ཀྱི་ལྷ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཚངས་པ་དབང་བསྒྱུར་དུའང་གྱུར་ལ་མྱ་ངན་ལས་འདས་པ་ལ་ཞི་བར་རྟོག་པས་ཡུལ་འབྱོར་ཡང་བག་མེད་པར་མི་འགྱུར་བ་རྣམས་སོ། །

Tibetan Source 《མདོ་ན་པ་》ཤ་142བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number