4210

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཡོད་པ་མ་ཡིན་པ་སྒྲོ་འདོགས་པ་རྣམ་པ་བཞི།
Tibetan Alternate
Tibetan Definition དེ་ཡང་། ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་སྟེ། སྐུར་པ་འདེབས་པ་འདི་ལྟ་སྟེ། སྒྲོ་འདོགས་པ་དེ་དག་ཉིད་མི་དམིགས་པར་རབ་ཏུ་འབྱེད་པའི་ཆོ་མ་ཡིན་པས་སྐུར་པ་འདེབས་པ་སྐྱེད་པར་བྱེད་པ་སྟེ། འདི་ནི་སྒྲོ་འདོགས་པ་དང་། སྐུར་པའི་མཚན་ཉིད་དོ། །

1.ཡོད་པ་མ་ཡིན་པ་ལ་མཚན་ཉིད་དུ་སྒྲོ་འདོགས་པའི་མཚན་ཉིད་ནི། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཡོད་པ་མ་ཡིན་པ་ལ་མངོན་པར་ཞེན་པ་སྐྱེད་ཅིང་། འདི་ནི་དེ་བཞིན་དུ་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་ཟེར་བ་སྟེ། འདི་ནི་ཡོད་པ་མ་ཡིན་པ་ལ་མཚན་ཉིད་དུ་སྒྲོ་འདོགས་པའི་མཚན་ཉིད་དོ། ། ཡོད་པ་མ་ཡིན་པ་ལ་མཚན་ཉིད་དུ་སྒྲོ་འདོགས་པའི་རྣམ་པར་རྟོག་པ་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་བག་ཆགས་སྣ་ཚོགས་ལ་མངོན་པར་ཞེན་པ་ལས་འབྱུང་ངོ་། ། 2.ཡོད་པ་མ་ཡིན་པ་མཐོང་བར་སྒྲོ་འདོགས་པའི་མཚན་ཉིད་ནི། གང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དེ་དག་ཉིད་ལ་བདག་དང་། གང་ཟག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུར་ལྟ་ཞིང་སྒོ་འདོགས་པ་ཡིན་ཏེ། འདི་ནི་ཡོད་པ་མ་ཡིན་པ་ལ་མཐོང་བར་སྒྲོ་འདོགས་པའི་མཚན་ཉིད་ཅེས་བྱའོ། ། 3.ཡོད་པ་མ་ཡིན་པ་རྒྱུར་སྒྲོ་འདོགས་པའི་མཚན་ཉིད་ནི། རྣམ་པར་ཤེས་པ་དང་པོ་རྒྱུ་མེད་པ་ལས་སྐྱེ་ལ། ཕྱིས་ཡང་དག་པ་མ་ཡིན་པ་སྒྱུ་མ་ལྟ་བུ་སྔོན་མ་བྱུང་ཞིང་མེད་པ་ལས་མིག་དང་། གཟུགས་དང་། སྣང་བ་དང་། ཁམས་དང་། དྲན་པ་སྔོན་དུ་འཇུག་པ་ལས་འབྱུང་ཞིང་བྱུང་ནས་ཀྱང་འཇིག་པར་འགྱུར་རོ་ཞེས་ཟེར་བ་སྟེ། འདི་ནི་ཡོད་པ་མ་ཡིན་པ་རྒྱུར་སྒྲོ་འདོགས་པའི་མཚན་ཉིད་དོ། ། 4.ཡོད་པ་མ་ཡིན་པ་དངོས་པོར་སྒྲོ་འདོགས་པའི་མཚན་ཉིད་ནི། ནམ་མཁའ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་བྱས་པ་མ་ཡིན་པའི་དངོས་པོར་མངོན་པར་ཞེན་ཅིང་སྒྲོ་འདོགས་པའོ། །

Tibetan Source 《མདོ་ཅ་པ་》ཤ་341ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number