4591
Tibetan | ཀུན་བརྟགས་པའི་ངོ་བོ་ཉིད་མདོར་བསྡུ་ན་རྣམ་པ་ལྔ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།
1.དོན་གྱི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་ནི་རྣམ་པ་བཞི༌སྟེ། (1)ངོ་བོ་ཉིད་ཀྱི་མཚན་ཉིད་དུ་ཡོངས་སུ་རྟོག་པ་ནི། དངོས་པོ་འདི་ནི་གཟུགས་ཀྱི་ངོ་བོ་ཉིད་དོ། ། དངོས་པོ་འདི་ནི་རྣམ་པར་ཤེས་པའི་བར་གྱི་ངོ་བོ་ཉིད་དོ། ། དངོས་པོ་འདི་ནི་མིག་གི་ངོ་བོ་ཉིད་དོ། ། དངོས་པོ་འདི་ནི་ཆོས་ཀྱི་བར་གྱི་ངོ་བོ་ཉིད་དོ་ཞེས་པ་ལ་ སོགས་པར་ཡོངས་སུ་རྟོག་པའོ། ། (2)བྱེ་བྲག་གི་མཚན་ཉིད་དུ་ཡོངས་སུ་རྟོག་པ་ནི། གཟུགས་འདི་ནི་ཡིད་དུ་འོང་བའོ། ། འདི་ནི་ཡིད་དུ་མི་འོང་བའོ། ། འདི་ནི་ཡིད་དུ་འོང་བ་ཡང་མ་ཡིན་ཡིད་དུ་མི་འོང་བ་ཡང་མ་ཡིན་པའོ། ། འདི་ནི་བསྟན་དུ་ཡོད་པའོ། ། འདི་ནི་བསྟན་དུ་མེད་པའོ། ། འདི་ནི་ཐོགས་པ་དང་བཅས་པའོ། ། འདི་ནི་ཐོགས་པ་མེད་པའོ། ། འདི་ནི་ཟག་པ་དང་བཅས་པའོ། ། འདི་ནི་ཟག་པ་མེད་པའོ། ། འདི་ནི་འདུས་བྱས་སོ། ། འདི་ནི་འདུས་མ་བྱས་སོ་ཞེས་བྱ་བ་ལ་སོགས་པ་རབ་ཏུ་དབྱེ་བའི་ཚུལ་གྱིས་གཟུགས་དེ་གཅིག་པུའི་བྱེ་བྲག་ལ་ཡོངས་སུ་རྟོག་པ་གང་ཡིན་པ་སྟེ། གཟུགས་ལ་ཇི་ལྟ་བ་བཞིན་དུ་ཕུང་པོ་ལྷག་མ་རྣམས་དང་སྐྱེ་མཆེད་ཐམས་ཅད་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། ། (3)གཟུང་བའི་མཚན་ཉིད་དུ་ཡོངས་སུ་རྟོག་པ་ནི། གཟུགས་འདི་ནི་མིག་གི་གཟུང་བའོ། ། འདི་ནི་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱིས་གཟུང་བའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་འདི་དག་དང་། རྣམ་པར་ཤེས་པ་འདི་ནི་འདོད་པ་ན་སྤྱོད་པའི་ཡིད་ཀྱི་གཟུང་བའོ། ། འདི་ནི་གཟུགས་ན་སྤྱོད་པའི་ཡིད་ཀྱི་གཟུང་བའོ། ། འདི་ནི་གཟུགས་མེད་པ་ན་སྤྱོད་པའི་ཡིད་ཀྱི་གཟུང་བའོ། ། འདི་ནི་ལྡན་པ་མ་ཡིན་པའི་ཡིད་ཀྱི་གཟུང་བ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པའོ། ། (4)འཛིན་པའི་མཚན་ཉིད་དུ་ཡོངས་སུ་རྟོག་པ་ནི། གཟུགས་འདི་ནི་གཟུགས་འཛིན་པའོ། ། གཟུགས་འདི་ནི་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་འཛིན་པའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་འདི་ནི་གཟུགས་འཛིན་པའོ། ། འདི་ནི་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་འཛིན་པའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པའོ། ། 2.མིང་གི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་ནི། རྣམ་པ་གཉིས་ཏེ། (1)བྱེ་བྲག་མེད་པ་ནི། ཆོས་ཐམས་ཅད་ཅེས་བྱ་བའི་མིང་གང་ཡིན་པའོ། ། (2)བྱེ་བྲག་ཅན་ནི། གཟུགས་ཞེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཞེས་བྱ་བ་དང་། འདུ་བྱེད་རྣམས་ཞེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དང་། དེ་ལྟ་བུ་དང་མཐུན་པའི་མིང་རབ་ཏུ་དབྱེ་བའི་ཆོས་སོ་སོ་བ་དེ་དག་ལ་མིང་ཚད་མེད་གྲངས་མེད་པར་ཡོངས་སུ་རྟོག་པ་གང་ཡིན་པའོ། ། 3.ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་ནི། གཟུགས་འདི་ནི་འདོད་ཆགས་དང་བཅས་པ་དང་། ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་བཅས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་མ་བྲལ་བ་དང་། དད་པ་ལ་སོགས་པ་དགེ་བའི་ཆོས་རྣམས་དང་བྲལ་བའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པའོ། ། 4.རྣམ་པར་བྱང་བའི་ངོ་བོ་ཉིད་ཡོངས་སུ་རྟོག་པ་ནི། དེ་ལས་ཡོངས་སུ་བཟློག་པ་ལས་རིག་པར་བྱའོ། ། 5.ཀུན་ནས་ཉོན་མོངས་པ་ཅན་ཡང་མ་ཡིན། རྣམ་པར་བྱང་བ་ཡང་མ་ཡིན་པའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་ནི། གཟུགས་འདི་གཟུང་བའོ། ། འདི་ནི་འཛིན་པའོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་འདི་དག་དང་། རྣམ་པར་ཤེས་པ་འདི་ནི་གཟུང་བའོ། ། འདི་ནི་འཛིན་པའོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པ་དང་། གཞན་ཡང་ལུང་དུ་མ་བསྟན་པའི་ཆོས་རྣམས་ལུང་དུ་མ་བསྟན་པའི་ཆོས་རྣམས་སོ་ཞེས་བྱ་བར་ཡོངས་སུ་རྟོག་པ་གང་ཡིན་པའོ། ། |
Tibetan Source | 《བསྟན་འགྱུར་སེམས་ཙམ་ཟི་པ་》ཤ་18བ་7ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |