4611

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྐུ་གདུང་རིགས་ལྔ།
Tibetan Alternate
Tibetan Definition འདི་ལ་ཁོག་གཉིས་ཡོད་པ་སྟེ།

1.ཤའི་རྟེན་དུ་གདུང་ཤ་རཱི་རམ་དཀར་སེར་རིན་པོ་ཆེ་གདུང་སྟེ་ཡང་དག་གི་རྟེན་དུ་བཞག་པའོ། ། 2.ཁྲག་གི་རྟེན་དུ་ཆུ་རཱི་རམ་མཐིང་ག་རྡོ་རྗེའི་གདུང་སྟེ་སྲ་ཞིང་མཁྲེགས་པས་རྡོ་རྗེའི་གདུང་དུ་བཞག་པའོ། ། (1)ཤ་རཱི་རམ། (2)ཆུ་རཱི་རམ། (3)བ་རཱི་རམ། (4)ཉ་རཱི་རམ། (5)པཉྩ་རམ་དང་ལྔའོ། ། 3.རུས་པའི་རྟེན་དུ། བ་རཱི་རམ་སེར་པོ་རིན་པོ་ཆེའི་གདུང་དུ་བྱོན་ཏེ་རྒྱལ་ཚབ་ཉིད་ཀྱི་རྟེན་དུ་བཞག་པའོ། ། 4.ཡན་ལག་གི་རྟེན་དུ་ཉ་རཱི་རམ་ལྗང་ཁུ་ལས་ཀྱི་གདུང་སྟེ་ཤིན་ཏུ་སྲ་མཁྲེགས་ལས་ཀྱི་གདུང་དུ་བཞག་པའོ། ། 5.འབྱུང་བཞིའི་དྭངས་མ་ལ་པཉྩ་རམ་འབྱོན་ཏེ་ཁ་དོག་ལྔ་ལྡན་དེ་བཞིན་གཤེགས་པའི་གདུང་དུ་བཞག་པའོ། ། ཡང་ན། 1.གདུང་ཤ་རི་རམ་མགོ་ལས་འབྱུང་། 2.ཆུ་རཱི་རམ་ཁྲག་ལས་འབྱུང་། 3.བ་རཱི་རམ་སྒལ་ཚིགས་ལས་འབྱུང་། 4.ཉ་རཱི་རམ་རྐང་ལས་འབྱུང་། 5.པཉྩ་རམ་སྙིང་ལས་འབྱུང་བའོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་231.24ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number