4614

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྐུ་ཚབ་གཏེར་ལྔ།
Tibetan Alternate
Tibetan Definition དེ་ཡང་། སྐུ་ཚབ་ཅེས་པ་གུ་རུ་དངོས་དང་ཁྱད་མེད་པའི་སྐུ་འདྲ་གནས་ཆེན་ལྔར་གཏེར་དུ་སྦས་སྟེ།

1.རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་སྐུ་འདྲ་ཁྱད་པར་དུ་འཕགས་པ་སྐུའི་རྟེན་དེ་ཉིད་མཁའ་རོ་གངས་བསམ་འགྲུབ་ཏུ་སྦས། 2.བྱེ་མ་ཨ་ཀྲོང་ལས་གྲུབ་པའི་སྐུ་འདྲ་སིནྡྷྱ་རས་བྱུགས་པ་གསུང་གི་རྟེན་དེ་ཉིད་མོན་ཁ་སེང་གེ་བསམ་འགྲུབ་ཏུ་སྦས། 3.མཁར་བ་ནག་པོ་ལས་བཞེངས་པའི་སྐུ་འདྲ་ཐུགས་ཀྱི་རྟེན་དེ་ཉིད་རྟ་མགྲིན་བྲག་ཁུང་གི་བསམ་འགྲུབ་ཕུག་པར་སྦས། 4.རིན་པོ་ཆེ་གསེར་ལས་གྲུབ་པའི་སྐུ་འདྲ་ཡོན་ཏན་གྱི་རྟེན་དེ་ཉིད་ལྷ་མོ་མཁར་གྱི་བསམ་འགྲུབ་ཏུ་སྦས། 5.དྲི་མེད་ཤེལ་ལས་བཞེངས་པའི་སྐུ་འདྲ་འཕྲིན་ལས་ཀྱི་རྟེན་དེ་ཉིད་ཡར་ལྷ་ཤམ་པོའི་བསམ་འགྲུབ་ཏུ་སྦས་པའོ། །

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་236.30ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number