4617
Jump to navigation
Jump to search
| Tibetan | སྐྱ་རྦབ་ནད་ཀྱི་དབྱེ་བ་ལྔ། |
|---|---|
| Tibetan Alternate | |
| Tibetan Definition | 1.གློ་བའི་སྐྱ་རྦབ་ཁྲག་ཤས་ཆེ་བ།
2.མཆིན་པ་མཁྲིས་པ་དང་ལྡན་པ། 3.མཆེར་པར་བད་ཀན་དང་ལྡན་པ། 4.ཆུ་སེར་གྱི་སྐྱ་རྦབ་ནི་ཤ་དང་པགས་པའི་མཚམས་སུ་ཁྱབ་པ། 5.རླུང་ནད་ཀྱི་སྐྱ་རྦབ་རྙིང་དང་སྲོག་རྩར་གནས་པའོ། ། སྐྱ་རྦབ་ནད་ཀྱི་རྒྱུ་རྐྱེན་གཞི་མཐུན་དུ་བསྟན་པ་ནི། གོང་དུ་བད་ཀན་སྐབས་བསྟན་པ་ལྟར་ལྷན་ཅིག་བྱེད་པའི་ཟས་དང་སྤྱོད་ལམ་མི་འཕྲོད་པ་བསྟེན་པས་ཁ་ཟས་མ་ཞུ་བའི་དྭངས་མ་མཆིན་པར་གནས་པ་དེ་ལུས་ཀྱི་ཟུངས་སུ་མ་གྱུར་པས། དྭངས་སྙིགས་འདྲེས་པའི་ཆུ་སེར་རྒྱས་པ་ཁྱབ་བྱེད་རླུང་གི་གཏོར་ནས་ལུས་ཀུན་ཏུ་ཁྱབ་པས་སྐྱ་རྦབ་ཀྱི་ནད་དག་ཏུ་གཡོ་ཞིང་རྒྱས་པར་གྱུར་པ་ཡིན་ནོ། ། |
| Tibetan Source | 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་གཉིས་པ་ཤ་231.5ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |