4618
| Tibetan | སྐྱབས་བླ་ན་མེད་པ་ལྔ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། མདོ་སྡེ་རྒྱུན་གྱི་འགྲེལ་བཤད་ལས་བྱུང་བ་སྟེ།
1.འཚེ་བ་ཐམས་ཅད་ལས་སྐྱོབ་པ་ནི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ལོང་བས་ནི་མིག་རྙེད། འོན་པས་ནི་སྒྲ་ཐོས། སྨྱོན་པས་ནི་དྲན་པ་རྙེད། ནད་རྣམ་པ་སྣ་ཚོགས་དང་ལོ་ཉེས་ནི་ཞི་བར་བྱས་ཞེས་བྱ་བ་ལ་སོགས་ཏེ། འདི་ནི་གཞན་སྐྱོབ་པ་རྣམ་པ་དང་པོའོ། ། 2.ངན་སོང་ལས་སྐྱོབ་པ་ནི། དེ་ཡང་དེ་བཞིན་གཤེགས་པའི་འོད་བཏང་བས། སེམས་ཅན་དམྱལ་བ་ལ་སོགས་པ་ངན་སོང་རྣམས་ཀྱི་ལུས་ལ་རེག་ནས་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཞི་བར་བྱས་ཏེ། མཐོ་རིས་སུ་སྐྱེ་བར་བྱས་པ་དང་། ངན་སོང་དུ་སྐྱེ་བར་འདོད་པ་རྣམས་ལ་འོད་དེས་རེག་ནས་ངན་སོང་དུ་མི་སྐྱེ་བར་བྱས་ཏེ། འདི་ནི་གཞན་སྐྱོབ་པ་གཉིས་པའོ། ། 3.ཐབས་མ་ཡིན་པ་ལས་སྐྱོབ་པ་ནི། མུ་སྟེགས་ཅན་གྱི་ལྟ་བ་རྣམ་པ་སྣ་ཚོགས་ཐོལ་བ་ལ་ཉལ་བས་ཐར་པ་དང་མཐོ་རིས་ཚོལ་བ་དང་། ཚེར་མ་ན་ཉལ་བས་ཐར་པ་དང་མཐོ་རིས་ཚོལ་བ་དང་། བྲག་ཁ་ནས་མཆོང་བས་ཐར་པ་དང་མཐོ་རིས་ཚོལ་བ་དག་ནི་དེ་ལས་ཐར་པ་དང་མཐོ་རིས་ཐོབ་པར་མི་འགྱུར་བས་ཐབས་མ་ཡིན་པ་ཞེས་བྱའོ། ། ཐབས་མ་ཡིན་པ་ལ་ཞུགས་པའི་མུ་སྟེགས་པ་དེ་དག་ལམ་ངན་པ་དོར་དུ་བཅུག་ནས། མཐོ་རིས་ཀྱི་ལམ་དང་། དགེ་བ་བཅུ་དང་ཐར་པའི་ལམ་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ་འགོད་དེ། འདི་ནི་གཞན་སྐྱོབ་པ་རྣམ་པ་གསུམ་པའོ། ། 4.འཇིག་ཚོགས་ལས་སྐྱོབ་པ་ནི། བདག་དང་བདག་གི་མེད་པའི་ཕུང་པོ་ལྔ་ལ་བདག་གིར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའི་སེམས་ཅན་དེ་དག་ལ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་གང་ཟག་ལ་བདག་མེད་པ་བསྟན་ནས། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ལ་བཀོད་པ་ནི་འཇིག་ཚོགས་ལས་སྐྱོབ་པ་ཞེས་བྱ་སྟེ། འདི་ནི་གཞན་སྐྱོབ་པ་རྣམ་པ་བཞི་པའོ། ། 5.ཐེག་པ་ཆུང་ངུ་ལས་སྐྱོབ་པ་ནི། མ་ངེས་པའི་རིགས་ཅན་དགི་ཉན་ཐོས་ཀྱི་ཐེག་པར་ཞུགས་པའམ། འཇུག་ཏུ་འདོད་པ་རྣམས་དེ་ལས་བཟློག་ནས་ཐེག་པ་ཆེན་པོ་ལ་འགོད་པར་བྱེད་པ་ནི་ཐེག་པ་ལས་སྐྱོབ་པ་ཞེས་བྱ་སྟེ། འདི་ནི་གནས་གཞན་སྐྱོབ་པ་རྣམ་པ་ལྔ་པའོ། ། |
| Tibetan Source | 《བསྟན་འགྱུར་སེམས་ཙམ་མི་པ་》ཤ་110བ་6ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |