4621

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྐྱིགས་བུའི་ནད་རྣམ་པ་ལྔ།
Tibetan Alternate
Tibetan Definition དེ་ཡང་། སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ་ལེའུ་སོ་གཅིག་པ་ལས་བྱུང་བ་སྟེ།

1.སྐྱིགས་བུ་ཆེན་པོ་ཞེས་བྱ་བ། སྒྲ་ཆེ་ཞིང་ཤུགས་དྲག་ལ་གནད་ལ་གནོད་པ། 2.སྐྱིགས་བུའི་ནད་ཟབ་མོ་ཞེས་བྱ་བ། ལྟེ་བའི་ཕྱོགས་ནས་ལྡང་ཞིང་སྒྲ་ཟབ་ཏུ་འབྱུང་བ། 3.སྐྱིགས་བུའི་ནད་བཏུད་མ་ཞེས་བྱ་བ། སྐྱིགས་བུ་གཉིས་གཉིས་བཏུད་ཅིང་ཤུགས་དྲག་ཏུ་འབྱུང་ལ་མི་བཟད་་པར་ན་ཞིང་མགོ་འདམ་པར་བྱེད་པ། ། 4.སྐྱིགས་བུ་ཆུང་ངུ་ཞེས་བྱ་བ། ཤུགས་དལ་ལ། བྲང་དང་། ནམ་ཚོང་ནས་ལྡང་ཞིང་འབྱུང་བ། 5.སྐྱིགས་བུ་ཐས་ལས་འབྱུང་བ་ཞེས་བྱ་བ། ཧ་ཅང་མང་དུ་ཟོས་ཤིང་འཐུངས་པས་རླུང་གི་གནས་དོག་པར་གྱུར་པ་ལས་འ་བྱུང་བ་དང་ལྔའོ། འདི་རྣམས་ཀྱི་ནང་ནས་སྐྱིགས་བུ་ཆུང་ངུ་དང་། ཟས་ལས་འབྱུང་བ་ཞེས་བྱ་བ་གཉིས་ནི་གསོ་སླ་བ་ཡིན་ནོ། ། ལྷག་མ་རྣམས་ནི་སྲོག་གཅོད་པར་བཤད་དོ། །

Tibetan Source 《བསྟན་འགྱུར་སྣ་ཚོགས་ནོ་པ་》ཤ་242བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number