4624
Jump to navigation
Jump to search
| Tibetan | སྐྱེ་བའི་འཁོར་བ་ནི་སྣོད་ཀྱི་འཁོར་བ་དང་མི་འདྲ་བ་རྣམ་པ་ལྔ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ།
1.སྣོད་ཀྱི་འཁོར་བ་ནི་ཐུན་མོང་བའི་རྒྱུས་གྲུབ་པ་ཡིན་ལ། སྐྱེ་བའི་འཁོར་བ་ནི་སེམས་ཅན་རེ་རེའི་ཉི་ཚེའི་རྒྱུས་གྲུབ་པ་ཡིན་ཏེ། འདི་ནི་རྒྱུ་མི་འདྲ་བ་དང་པོའོ། ། 2.སྣོད་ཀྱི་འཁོར་བ་ནི་སྔོན་དང་ཕྱི་མའི་མཐའ་ཆད་པའི་ཕྱིར་ཐོག་མ་དང་ཐ་མ་ཡོད་ལ། སྐྱེ་བའི་འཁོར་བ་ནི་རྟག་ཏུ་མི་འཆད་པར་རྒྱུན་འཇུག་པའི་ཕྱིར་ཐོག་མ་དང་ཐ་མ་མེད་དེ། འདི་ནི་རྒྱུ་མི་འདྲ་བ་གཉིས་པའོ། ། 3.སྣོད་ཀྱི་འཁོར་བ་ནི་མེའམ་ཆུའམ་རླུང་གིས་འཇིག་བ་ཅིང་རྒྱུན་འཆད་པར་འགྱུར་ལ། སྐྱེ་བའི་འཁོར་བ་ནི་དེ་ལྟ་མ་ཡིན་ཏེ། འདི་ནི་རྒྱུ་མི་འདྲ་བ་གསུམ་པའོ། ། 4.སྣོད་ཀྱི་འཁོར་བའི་རྒྱུ་ནི་གཏན་དུ་རྒྱུན་ཆད་པར་འགྱུར་བ་མེད་ལ། སྐྱེ་བའི་འཁོར་བ་ནི་ཡོད་དེ། འདི་ནི་རྒྱུ་མི་འདྲ་བ་བཞི་པའོ། ། 5.སྣོད་ཀྱི་འཁོར་བ་ནི་རྒྱུན་ཆད་དུ་ཟིན་ཀྱང་ཉིང་མཚམས་སྦྱོར་བ་ཡོད་ལ། སྐྱེ་བའི་འཁོར་བ་ནི་ནམ་ཡང་ཉིང་མཚམས་སྦྱོར་བ་མེད་དེ། འདི་ནི་རྒྱུ་མི་འདྲ་བ་ལྔ་པའོ། ། |
| Tibetan Source | 《བསྟན་འགྱུར་སེམས་ཙམ་ཟི་པ་》ཤ་147བ་7ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |