4629
| Tibetan | སྐྱེས་བུ་དམ་པའི་སྙན་པར་སྨྲ་བ་རྣམ་པ་ལྔ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ།
1.བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔར་གྱུར་པ་དང་། དེ་བཞིན་གཤེགས་པར་གྱུར་པ་རྣམས་གླེང་གཞི་དང་བཅས་པ་གང་ཞེ་ན། བྱུང་བ་དང་བཅས་པའི་བསླབ་པའི་གཞིའི་གནས་སུ་འཆའ་བར་བྱེད་དེ། དེ་ལྟ་བས་ན་དེ་དག་གི་ཆོས་གླེང་གཞི་དང་བཅས་པ་ཡིན་ནོ། ། 2.ངེས་པར་འབྱུང་བ་དང་བཅས་པ་གང་ཞེ་ན། ཡང་དག་པར་བླངས་པའི་བསླབ་པ་རྣམས་ལས་ཉེས་པ་བྱུང་བ་དག་ཉེས་པ་ལས་དབྱུང་བ་འཆའ་བར་བྱེད་དེ། དེ་ལྟ་བས་ན་དེ་དག་གི་ཆོས་ངེས་པར་འབྱུང་བ་དང་བཅས་པ་ཡིན་ནོ། ། 3.སྟོན་པ་དང་བཅས་པ་གང་ཞེ་ན། ཆོས་འདུལ་བ་འདི་ལ་སྟོན་པ་བཞིས་བསྡུས་པ་ཕྱིན་ཅི་མ་ལོག་པའི་སྒྲུབ་པ་འཆའ་བར་བྱེད་དེ། དེ་ལྟ་བས་ན་དེ་དག་གི་ཆོས་སྟོན་པ་དང་བཅས་པ་ཡིན་ནོ། ། 4.རྟུལ་བ་དང་བཅས་པ་གང་ཞེ་ན། སྡུག་བསྔལ་ཐམས་ཅད་ལས་ངེས་པར་འབྱིན་པའི་ཕྱིར་ཕྱིར་མི་ལྡོག་པའི་ལམ་ཡང་དག་པར་སྟོན་ཏེ། དེ་ལྟ་བས་ན་དེ་དག་གི་ཆོས་རྟུལ་བ་དང་བཅས་པ་ཡིན་ནོ། ། 5.ཆོ་འཕྲུལ་དང་བཅས་པའི་ཆོས་སྟོན་པ་གང་ཞེ་ན། བསྟན་པ་ཐམས་ཅད་ཆོ་འཕྲུལ་གསུམ་པོ་དེ་དག་གི་དོན་ཡོད་པར་བྱེད་དེ། དེ་ལྟ་བས་ན་དེ་དག་གི་ཆོས་ཆོ་འཕྲུལ་དང་བཅས་པ་ཡིན་ནོ། ། |
| Tibetan Source | 《བསྟན་འགྱུར་སེམས་ཙམ་ཝི་པ་》ཤ་116བ་5ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |