4747
Jump to navigation
Jump to search
Tibetan | དགེ་སློང་མའི་སྟོན་པར་བསྐོ་བར་བྱ་བའི་ཆོས་ལྔ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འདུལ་བ་རྣམ་འབྱེད་ལས་བྱུང་བ་སྟེ།
1.ཚུལ་ཁྲིམས་དང་ལྡན་པ་ནི། ཕམ་པར་འགྱུར་བ་བཞི་པོ་དག་ལས་གང་ཡང་རུང་བའི་ལྟུང་བ་མ་བྱུང་བ་སྟེ། དེ་ལྟར་ཚུལ་ཁྲིམས་དང་ལྡན་པའོ། ། 2.མང་དུ་ཐོས་པ་ནི། དེས་སོ་སོར་ཐར་པའི་མདོ་གདོན་པ་རྒྱ་ཆེར་ཐོན་པ་དང་། ལོབས་པ་སྟེ་དེ་ལྟར་མང་དུ་ཐོས་པ་ཡིན་ནོ། ། 3.གནས་བརྟན་རྒྱལ་ཚབ་ལྟ་བུ་ནི། རྫོགས་པར་བསྙེན་ནས་ལོ་ཉི་ཤུའམ་ལྷག་པ་སྟེ། དེ་ལྟར་གནས་བརྟན་རྒྱལ་ཚབ་ལྟ་བུ་ཡིན་ནོ། ། 4.གྲོང་ཁྱེར་བའི་སྐད་དང་ལྡན་པ་ནི། ཕོ་བྲང་འཁོར་ནི་གྲོང་ཁྱེར་ཞེས་བྱ་སྟེ། དེའི་སྐད་དང་ལྡན་པ་སྟེ། དེ་ལྟར་གྲོང་ཁྱེར་བའི་སྐད་དང་ལྡན་པ་ཡིན་ནོ། ། 5.དེས་དགེ་སློང་མ་ལ་ལུས་ཀྱིས་རེག་པས་སུན་མ་ཕྱུང་ཞིང་གལ་ཏེ་སུན་ཕྱུང་ན་ཡང་དེས་ལྟུང་བ་ཆོས་བཞིན་དུ་ཕྱིར་བྱས་པ་ནི། དེས་དགེ་སློང་མའི་ལུས་ལ་ལུས་ཉེ་བར་གཞོལ་བ་མ་བྱས་པ་སྟེ། དེ་ལྟར་ན་དེས་དགེ་སློང་མ་ལ་ལུས་ཀྱིས་རེག་པས་སུན་མ་ཕྱུང་བ་ཡིན་ནོ། ། |
Tibetan Source | 《འདུལ་བ་ཇ་པ་》ཤ་88ན་6ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |