4751

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དགེ་སློང་ཚུལ་བཞིན་མ་ཡིན་པ་སེམས་པ་ལ་ཞུགས་པ་བདེན་པ་དང་། གནས་པ་ལས་བདག་ཉིད་དམིགས་ནས། འདོགས་པར་བྱེད་པའི་གླུ་བ་རྣམ་པ་ལྔ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།

1.མུ་སྟེགས་ཅན་གྱི་བསྟན་པ་ལ་འཇུག་ཅིང་། མུ་སྟེགས་ཅན་གྱི་ལྟ་བ་འཛིན་པ། 2.གལ་ཏེ་མི་འཇུག་ན་ཡང་མུ་སྟེགས་ཅན་རྣམས་དང་ཆོས་མཐུན་པར་འགྱུར་བ། 3.ཞུགས་ན་ཡང་ངེས་པར་འབྱིན་པ་མ་ཡིན་པའི་ལམ་དུ་ཞུགས་པར་འགྱུར་བ། 4.མ་ཞུགས་ན་ཡང་རྒྱུ་གཉིས་ཀྱིས་ཏེ། ཆོས་འདི་པ་རྣམས་དང་རིས་མི་མཐུན་པའི་ཆོས་ཅན་དུ་འགྱུར་བ་སྟེ། བདེན་པ་མངོན་པར་རྟོགས་པའི་གཞི་ལོག་པར་བསྒྲུབ་པ། 5.བདེན་པ་མངོན་པར་རྟོགས་པ་ལོག་པར་བསྒྲུབ་པའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཞི་པ་》ཤ་270ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number