4770

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དགེ་སློང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་དབྱུང་བ་དང་། བསྙེན་པར་རྫོགས་པར་བྱ་བ། གནས་སྦྱིན་པར་བྱ་བ། དགེ་ཚུལ་ཉེ་བར་གཞག་པར་བྱ་བ། བདག་ཉིད་ཀྱང་མི་གནས་པར་འདུག་པར་བྱ་བའི་ཆོས་ལྔ།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་གཞི་ལས་བྱུང་བ་ལྟར་ན་ཁག་ཉེར་གཅིག་ཡོད་པ་སྟེ།

ཁག་དང་པོ། 1.བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའམ། ལྷག་པ་དང་ལྷན་ཅིག་གནས་པ། 2.ཉེ་གནས་རྣམས་ཀྱི་ནད་གཡོག་བྱེད་དམ། བྱེད་དུ་འཇུག་ནུས་པ། 3.ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལ་འགྱོད་པ་སྐྱེས་པ་སེལ་ཏམ། སེལ་དུ་འཇུག་ནུས་པ། 4.ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་བྱུང་བ་སྲོང་ངམ། སྤོང་དུ་འཇུག་ནུས་པ། 5.ཕྱོགས་གང་དུ་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་མངོན་པར་མི་དགའ་ན་དེ་ལ་དོར་བའམ། འདོར་དུ་འཇུག་ནུས་པའོ། ། ཁག་གཉིས་པ། 1.ཚུལ་ཁྲིམས་དང་ལྡན་པ། 2.མང་དུ་ཐོས་པ། 3.མདོ་སྡེ་འཛིན་པ། 4.འདུལ་བ་འཛིན་པ། 5.མ་མོ་འཛིན་པའོ། ། ཁག་གསུམ་པ། 1.ཚུལ་ཁྲིམས་དང་ལྡན་པ། 2.མང་དུ་ཐོས་པ། 3.མདོ་སྡེ་ལ་མཁས་པ། 4.འདུལ་བ་ལ་མཁས་པ། 5.མ་མོ་ལ་མཁས་པའོ། ། ཁག་བཞི་པ། 1.ཚུལ་ཁྲིམས་དང་ལྡན་པ། 2.མང་དུ་ཐོས་པ། 3.མདོ་སྡེ་རིག་པ། 4.འདུལ་བ་རིག་པ། 5.མ་མོ་རིག་པའོ། ། ཁག་ལྔ་པ། 1.ཚུལ་ཁྲིམས་དང་ལྡན་པ། 2.མང་དུ་ཐོས་པ། 3.མདོ་སྡེ་ལ་གསལ་བ། 4.འདུལ་བ་ལ་གསལ་བ། 5.མ་མོ་ལ་གསལ་བའོ། ། ཁག་དྲུག་པ། 1.ཚུལ་ཁྲིམས་དང་ལྡན་པ། 2.མང་དུ་ཐོས་པ། 3.ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་མདོ་སྡེ་འཛིན་དུ་འཇུག་ནུས་པ། 4.འདུལ་བ་འཛིན་དུ་འཇུག་ནུས་པ། 5.མ་མོ་འཛིན་དུ་འཇུག་ནུས་པའོ། ། ཁག་བདུན་པ། 1.ཚུལ་ཁྲིམས་དང་ལྡན་པ། 2.མང་དུ་ཐོས་པ། 3.ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་པ། 4.ལྷག་པའི་སེམས་ཀྱི་བསླབ་པ་ལ་སློབ་པ། 5.ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སློབ་པའོ། ། ཁག་བརྒྱད་པ། 1.ཚུལ་ཁྲིམས་དང་ལྡན་པ། 2.མང་དུ་ཐོས་པ། 3.ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་ཏུ་འཇུག་ནུས་པ། 4.ལྷག་པའི་སེམས་ཀྱི་བསླབ་པ་ལ་སློབ་ཏུ་འཇུག་ནུས་པ། 5.ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ་སློབ་ཏུ་འཇུག་ནུས་པའོ། ། ཁག་དགུ་པ། 1.ཚུལ་ཁྲིམས་དང་ལྡན་པ། 2.མང་དུ་ཐོས་པ། 3.ལྷག་པའི་སྤྱོད་པ་ལ་སློབ་པ། 4.ལྷག་པའི་འདུལ་བ་ལ་སློབ་པ། 5.ལྷག་པའི་སོ་སོར་ཐར་པ་ལ་སློབ་པའོ། ། ཁག་བཅུ་པ། 1.ཚུལ་ཁྲིམས་དང་ལྡན་པ། 2.མང་དུ་ཐོས་པ། 3.ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལྷག་པའི་སྤྱོད་པ་ལ་སློབ་ཏུ་འཇུག་ནུས་པ། 4.ལྷག་པའི་འདུལ་བ་ལ་སློབ་ཏུ་འཇུག་ནུས་པ། 5.ལྷག་པའི་སོ་སོར་ཐར་པ་ལ་སློབ་ཏུ་འཇུག་ནུས་པའོ། ། ཁག་བཅུ་གཅིག་པ། 1.དད་པ་ཕུན་སུམ་ཚོགས་པ། 2.ཚུལ་ཁྲིམས་ཕུན་སུམ་ཚོགས་པ། 3.ཐོས་པ་ཕུན་སུམ་ཚོགས་པ། 4.གཏོང་བ་ཕུན་སུམ་ཚོགས་པ། 5.ཤེས་རབ་ཕུན་སུམ་ཚོགས་པའོ། ། ཁག་བཅུ་ཉིས་པ། 1.ཚུལ་ཁྲིམས་ཕུན་སུམ་ཚོགས་པ། 2.ཏིང་འཛིན་ཕུན་སུམ་ཚོགས་པ། 3.ཤེས་རབ་ཕུན་སུམ་ཚོགས་པ། 4.རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། 5.རྣམ་པར་གྲོལ་བ་ཤེས་པ་དང་མཐོང་བ་ཕུན་སུམ་ཚོགས་པའོ། ། ཁག་བཅུ་གསུམ་པ། 1.ཚུལ་ཁྲིམས་དང་ལྡན་པ། 2.མང་དུ་ཐོས་པ། 3.བརྩོན་འགྲུས་བརྩམས་པ། 4.ཤེས་རབ་དང་ལྡན་པ། 5.དྲོན་པ་དང་ལྡན་པའོ། ། ཁག་བཅུ་བཞི་པ། 1.ཚུལ་ཁྲིམས་དང་ལྡན་པ། 2.མང་དུ་ཐོས་པ། 3.བརྩོན་འགྲུས་བརྩམས་པ། 4.ཤེས་རབ་དང་ལྡན་པ། 5.ནང་དུ་ཡང་དག་པར་བཞག་པའོ། ། ཁག་བཅོ་ལྔ་པ། 1.ཚུལ་ཁྲིམས་དང་ལྡན་པ། 2.མང་དུ་ཐོས་པ། 3.བརྩོན་འགྲུས་བརྩམས་པ། 4.ཤེས་རབ་དང་ལྡན་པ། 5.མཉམ་པར་གཞག་པའོ། ། ཁག་བཅུ་དྲུག་པ། 1.སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ། 2.སློབ་པའི་ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པ། 3.སློབ་པའི་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པ། 4.སློབ་པའི་རྣམ་པར་གྲོལ་བའི་ཕུང་པོ་དང་ལྡན་པ། 5.སློབ་པའི་རྣམ་པར་གྲོལ་བ་ཤེས་པ་དང་མཐོང་བའི་ཕུང་པོ་དང་ལྡན་པའོ། ། ཁག་བཅུ་བདུན་པ། 1.མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ། 2.མི་སློབ་པའི་ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པ། 3.མི་སློབ་པའི་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པ། 4.མི་སློབ་པའི་རྣམ་པར་གྲོལ་བའི་ཕུང་པོ་དང་ལྡན་པ། 5.མི་སློབ་པའི་རྣམ་པར་གྲོལ་བ་ཤེས་པ་དང་མཐོང་བའི་ཕུང་པོ་དང་ལྡན་པའོ། ། ཁག་བཅོ་བརྒྱད་པ། 1.བྱུང་བ་ཤེས་པ། 2.བཅས་པ་ཤེས་པ། 3.རྗེས་སུ་བཅས་པར་ཤེས་པ། 4.བཀག་པ་ཤེས་པ། 5.གནང་བ་ཤེས་པའོ། ། ཁག་བཅུ་དགུ་པ། 1.བར་དུ་གཅོད་པ་ཤེས་པ། 2.བར་དུ་གཅོད་པ་མ་ཡིན་པ་ཤེས་པ། 3.སྨྲ་བ་པོ། 4.རྗེས་སུ་སྟོན་པ། 5.ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་གནས་འཆར་གཞུག་ནུས་པའོ། ། ཁག་ཉི་ཤུ་པ། 1.བར་དུ་གཅོད་པ་ཤེས་པ། 2.བར་དུ་གཅོད་པ་མ་ཡིན་པ་ཤེས་པ། 3.སྨྲ་བ་པོ། 4.རྗེས་སུ་སྟོན་པ། 5.ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་རེ་ཞིག་གི་གནས་འཆར་གཞུག་ནུས་པའོ། ། ཁག་ཉེར་གཅིག་པ། 1.ལྟུང་བ་ཤེས་པ། 2.ལྟུང་བ་མ་ཡིན་པ་ཤེས་པ། 3.ཡང་བ་ཤེས་པ། 4.ལྕེ་བ་ཤེས་པ། 5.སོ་སོར་ཐར་པའི་མདོ་འདོན་པ་དང་། རྒྱས་པ་བཀླགས་པ་དང་ཐོན་པའོ། །

Tibetan Source 《འདུལ་བ་ཀ་པ་》ཤ་92ན་7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number