478
Jump to navigation
Jump to search
Tibetan | བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པར་དག་པ་གཉིས། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ་ལས་བྱུང་བ་སྟེ།
1.ཐུན་མོང་བའི་ཚུལ་ཁྲིམས་རྣམ་པར་དག་པ་ནི། དགེ་བསྙེན་གྱི་སྡོམ་པ་དང་། ཡང་ན་རབ་ཏུ་བྱུང་བའི་སོ་སོར་ཐར་པའི་སྡོམ་པ་བསྙེན་པར་རྫོགས་པའོ། ། 2.ཐུན་མོང་མ་ཡིན་པའི་ཚུལ་ཁྲིམས་རྣམ་པར་དག་པ་ནི། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་དང་། གནོད་པ་མེད་པའི་སེམས་དང་། ཁོན་དུ་འཛིན་པ་མེད་པའི་སེམས་ཀྱིས་བསྲུང་བའོ། ། སྲིད་པའི་རྣམ་པར་སྨིན་པ་ཐམས་ཅད་ལ་མི་ལྟ་བར་བསྲུང་ངོ་ཞེས་གསུངས་སོ། ། |
Tibetan Source | 《བསྟན་འགྱུར་དབུ་མ་ཀི་པ་》ཤ་140བ་7ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |